《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月21日

པར་རིས་གསར་འགྱུར།

ཉེ་ཆར། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་གྲོང་ཁྱེར་བསྡོམས་རྩིས་བརྟག་དཔྱད་རུ་ཁག་དང་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་བརྟག་དཔྱད་དང་དབྱེ་ཞིབ་ཀྱི་གསོ་སྦྱོང་བྱས་ཤིང་། གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་རྫོང(ཆུས)ཁག་གི་འབྲེལ་ཡོད་ལས་གནས་ཀྱི་རྐང་འཛིན་པ་40ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པ་དང་དམིགས་སའི་རང་བཞིན་ཆེ་བས་ཁོ་ཚོའི་ལས་སྒོའི་ནུས་པ་ཆེ་རུ་ཕྱིན་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འབབ་འཕར་ལས་དོན་གྱི་ཁ་ཕྱོགས་དང་གཙོ་གནད་ཀྱང་ཁ་གསལ་བྱུང་ཡོད་ཅིང་། འདི་ནི་གསོ་སྦྱོང་བྱ་ཡུལ་ཡིན་པ།