《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月21日

ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་དམིགས་འཛུགས་སྨན་སིལ་ཚོང་ཁང་10དང་སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་བཞག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་སྨན་བཅོས་དང་སྨན་ཉོ་བར་སྔར་བས་སྟབས་བདེ་སྐྲུན་ཆེད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་དམིགས་འཛུགས་སྨན་རྫས་སྒྲིག་གཞིའི་ཆོག་འཐུས་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས། ཆ་རྐྱེན་དང་མཐུན་པའི་སྨན་སིལ་ཚོང་ཁང་ཁག་གཅིག་ཞིབ་ཚགས་གདམ་ནས་གཏན་འཁེལ་བྱས་པ་རེད།

ཉེ་ཆར། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་དམིགས་འཛུགས་སྨན་སིལ་ཚོང་10དང་སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་བཞག་པས། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་སྨན་བཅོས་དང་སྨན་ཉོ་བར་གདམ་ག་དེ་བས་མང་བ་བྱུང་ཡོད་པ་དང་། སྨན་བཅོས་འགན་བཅོལ་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་སྟབས་བདེའི་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་དམིགས་འཛུགས་སྨན་སིལ་ཚོང་ཁྱོན་བསྡོམས་389ཡོད་པས། རྒྱ་ཆེའི་གྲོང་མིར་དེ་བས་སྟབས་བདེ་དང་ཕན་ནུས་ཆེ་བའི་སྨན་བཅོས་འགན་བཅོལ་ཞབས་ཞུ་མཁོ་འདོན་བྱས་ཡོད།