《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月21日

གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི“9810”རྣམ་པའི་ལས་སྒོ་མེད་པ་ནས་ཡོད་པར་ཚད་བརྒལ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་ཀྲེ་ལིང་ཚོང་དོན་ཚད་ཡོད་ཀུང་སིས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བརྒྱུད། “རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་མཛོད”(ལྟ་འདོམས་ཚབ་ཨང་9810)ཀྱི་འགག་སྒོ་སྒྱུར་བའི་བྱེད་ཐབས་སྤྱད་དེ་འགྲམ་འགག་སྒོ་ནས་ཉེར་མཁོའི་དངོས་ཟོག་ཁག་གཅིག་ཕྱིར་གཏོང་བྱས་ཤིང་། དངོས་ཟོག་གི་རིན་ཐང་སྒོར་ཁྲི་101.26དང་ལྗིད་ཚད་ཏུན་32.8ཟིན་པ་ལས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི“9810”རྣམ་པའི་ལས་སྒོ་མེད་པ་ནས་ཡོད་པར་ཚད་བརྒལ་བྱུང་བ་མཚོན་གྱི་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། “རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་མཛོད”ཀྱི་མིང་ཆ་ཚང་ལ“རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་ཕྱིར་གཏོང་མཛོད”ཅེས་ཟེར་བ་དང་འགག་སྒོའི་ལྟ་འདོམས་ཀྱི་ཚབ་ཨང“9810”ཡིན་ཞིང་། དེ་ནི་རྒྱལ་ནང་གི་ཁེ་ལས་ཀྱིས་རྒྱལ་སྒྲོལ་ཟོག་འགྲེམས་བརྒྱུད་དངོས་ཟོག་དེ་དག་སྤྱིར་བཏང་གི་ཉོ་ཚོང་བྱེད་ཐབས་སྤྱད་དེ་ཕྱི་རྒྱལ་གྱི་མཛོད་ལ་འབོར་གྲངས་ཐོག་ནས་ཕྱིར་གཏོང་བྱེད་པ་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་དྲ་ཐོག་ཏུ་ཉོ་ཚོང་བྱས་རྗེས་དངོས་ཟོག་དེ་དག་ཕྱི་རྒྱལ་མཛོད་ནས་ཡང་བསྐྱར་རྒྱལ་མཚམས་ཕྱིའི་འཛད་སྤྱོད་པར་སྐྱེལ་བའི་དངོས་ཟོག་ཕྱིར་གཏོང་བྱེད་ཐབས་ཤིག་ལ་ཟེར་གྱི་ཡོད།

གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དངོས་སུ་གཉེར་སྐྱོང་བྱས་ཚུན། གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས་ཡུལ་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ལྟ་འདོམས་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ་དང“སྐམ་སའི་གྲུ་ཁ་རེ་ཞུ་དང་། འགག་སྒོ་ཤར་གཏོང་། དོས་སྒམ་ཤར་གཏོང”བཅས་ཀྱི་ལྟ་འདོམས་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཁེ་ལས་ཀྱི་འགག་སྒོ་ཤར་གཏོང་གི་དུས་ཚོད་ཐུང་དུ་དང་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ནུས་ལྡན་བཏང་ཐོག ཁུལ་ཁོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྲོལ་རྒྱུན་རྣམ་པ་ནས་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིའི་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་པར་གོ་ཆོད་ཀྱི་བགྲོད་ལམ་གསར་པ་བཏོད་ཡོད།