《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月21日

“2025ལོའི་དིང་རི་ཇོ་མོ་གླང་མའི་རིག་གནས་བསམ་བཀོད་ཇུས་འགོད་ཀྱི་འགྲན་བསྡུར་ཆེ་མོའི”མཐའ་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། “2025ལོའི་དིང་རི་ཇོ་མོ་གླང་མའི་རིག་གནས་བསམ་བཀོད་ཇུས་འགོད་ཀྱི་འགྲན་བསྡུར་ཆེ་མོའི”མཐའ་བསྡུར་ལྷ་སར་བྱས་ཤིང་། རིམ་པ་བཞིན་ཡག་སྒྲུག་བརྒྱབ་པ་བརྒྱུད་ཕུལ་བྱུང་གི་བར་བཅུག་རི་མོ་40དང་བར་བཅུག་མ་ཡིན་པའི་རི་མོ་30ཐོག་མའི་འགྲན་བསྡུར་གྱི་བརྩམས་ཆོས་སྟོང་ཕྲག་ལས་གཟེངས་སུ་ཐོན་ནས་མཐའ་བསྡུར་ལ་ཚུད་པ་རེད།

འགྲན་བསྡུར་བྱ་ཡུལ་དུ་གོ་ལ་ཧྲིལ་པོའི་རིག་གནས་བསམ་བཀོད་ཇུས་འགོད་པ་དང་། མཐོ་སློབ་ཚོགས་པ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་མཉམ་དུ་འཛོམས་ཏེ། “བསམ་བཀོད་སྤུས་ལེགས་རྩེར་སོན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དྲ་ཕྱིར་གསལ་འགྲེལ་དང་དྲ་ཐོག་ནས་འབྲེལ་མཐུད་སོགས་ཀྱི་རྣམ་པ་བརྒྱུད་འགྲན་རྩོད་བྱས་པ་དང་། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་དཔྱད་ཞིབ་ཚོགས་པས་རིག་གནས་ཀྱི་ནང་དོན་དང་། ཇུས་འགོད་གསར་གཏོད། ཁྲོམ་རའི་མངོན་མེད་སྟོབས་ཤུགས་སོགས་ཀྱི་ཐད་ནས་དཔྱད་བརྗོད་གཏིང་ཟབ་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བྱ་དགའ་ཐོབ་པའི་བརྩམས་ཆོས་དག“ཇོ་མོ་གླང་མའི་ཕྱག་རྟགས”ཞེས་པའི་སྤུས་རྟགས་སུ་བཅུག་ནས“ཇུས་འགོད་དང་། ཐོན་སྐྱེད། ཕྱིར་ཚོང”བཅས་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་མཐུན་རྐྱེན་སྦྱོར་བའི་འཆར་གཞི་དངོས་སུ་འགོ་འཛུགས་རྒྱུ་རེད། ཁག་དང་པོར་ཡག་སྒྲུག་བརྒྱབ་པའི་བརྩམས་ཆོས་དག་དིང་རིའི་ས་གནས་དེ་གའི་མཉམ་ལས་ཁང་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་མཉམ་ལས་བྱས་ཏེ་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་དང་ཆབས་ཅིག་ཐོན་རྫས་ཀྱི་སྤྱོད་སྒོ་ཡང་ཆེ་རུ་གཏོང་རྒྱུ་རེད། ཕྱིར་ཚོང་བྱེད་ཐབས་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་རིག་གནས་བསམ་བཀོད་ཕྱིར་ཚོང་ཁང་ནས་འཚོང་རྒྱུ་མ་ཟད། དྲ་ཚོང་ལས་སྟེགས་བརྒྱུད་ཁྲོམ་ར་དེ་བས་ཆེ་བར་ཡང་འཚོང་རྒྱུ་རེད།

ད་ཐེངས་ཀྱི་རིག་གནས་བསམ་བཀོད་ཀྱི་འགྲན་བསྡུར་ཆེ་མོ་ནི་དིང་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཧྲང་ཧའེ་ཧྲི་ཧྲན་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས(ཚོགས་པ)ཚད་ཡོད་ཀུང་སིས་གཉེར་འགན་ཁུར་བ་ཞིག་རེད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)