འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་19ཉིན་ནས་བཟུང་། ལྷ་གཞིས་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྐྱོད་དཔེ་རིས་ལེཌ་སྒྲིག་བྱས་ཤིང་། ལྷ་ས་ནས་གཞིས་རྩེ་བར་མགོ་ཡིག“Z”ཡིན་པའི་འགྲུལ་སྐྱེལ་མེ་འཁོར་Z8801\2དང་། Z8803\4མེད་པར་བཟོས་ནས་བསྐྱར་དར་རྟགས་ཅན་གྱི་འགྲུལ་སྐྱེལ་ཤུགས་འགྲེམས་མེ་འཁོར་C883\4 C885\6 C887\8བཏང་བ་མ་ཟད། མི་ཚོགས་མང་བའི་ལམ་ཐིག་ཏུ་གཏོང་བའི་འགྲུལ་སྐྱེལ་ཤུགས་འགྲེམས་མེ་འཁོར་C921\2དང་། C923\4འཕར་མ་བཏང་ཡོད། དེར་བརྟེན། ལྷ་གཞིས་ལྕགས་ལམ་འདི་ཉིད་བོད་དུ་ཤུགས་འགྲེམས་མེ་འཁོར་ཁྱོན་ཡོངས་ནས་གཏོང་བའི་ལྕགས་ལམ་ཐོག་མར་གྱུར་ཡོད།
གཞིས་རྩེ་བབས་ཚུགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས། འདི་ལོའི་དུས་ཚིགས་དང་པོར་ལྷ་གཞིས་ལྕགས་ལམ་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་12.8ཟིན་ཡོད། གོམ་སྟབས་རྗེས་མར། གཞིས་རྩེ་བབས་ཚུགས་ཀྱིས་འགྲུལ་རྒྱུན་སྒྲིག་འཛུགས་དང་། སྒྲིག་ཆས་ཉམས་བཟོ་དང་བདག་སྐྱོང་། བདེ་འཇགས་སྐོར་གཡེང་། དང་བླངས་ཞབས་འདེགས་བཅས་ཤུགས་ཆེར་གཏོང་བ་དང་འགྲུལ་རྒྱུན་གྱི་ལམ་ཐིག་ལེགས་སུ་བཏང་སྟེ། འགྲུལ་པ་དམིགས་བསལ་ལ་གཙོ་གནད་དུ་རོགས་རམ་བྱས་ནས་འགྲུལ་པ་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་སྲུང་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས།
(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)