འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཡིག་གཟུཌ་འགྲེམས་སྟོན་སྐབས་དང་པོ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་གཉེར་ཞིང་། རྒྱལ་ཡོངས་ཀྱི་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་དབང་པོ་སྐྱོན་ཅན་གྱི་བརྩམས་ཆོས་46འགྲེམས་སྟོན་བྱས་པའི་ནང་། རྒྱ་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་8དང་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་38ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནང“འབད་བརྩོན་ལྷོད་མེད་ཀྱིས་སྨྱུག་རྩལ་ངོམས། རྟེན་འབྲེལ་ཆེ་མོར་ཕྱག་རྟགས་འབུལ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཡིག་གཟུགས་བརྩམས་ཆོས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཚུན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་མཚོན་པ་དང་། བོད་ཀྱི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་འགྲེམས་སྟོན་བྱས་པ་རེད།
(བསོད་བདེ་ཆེ་བས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)