ཟླ་5ཚེས་18ཉིན། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“5·18ཀྱི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོའི”རིམ་སྤེལ་བྱེད་སྒོ་ལྷ་སར་སྤེལ་བ་རེད། ད་ཐེངས་ཀྱི་རིམ་སྤེལ་བྱེད་སྒོ་ནི་རང་སྐྱོང་ལྗོངས་རྟེན་མཛོད་ཁང་མཐུན་ཚོགས་དང་བོད་ལྗོངས་རྟེན་མཛོད་ཁང་གིས་གཙོ་གཉེར་བྱས་ཤིང་། དེའི་ནང་དོན་གྱི་གྲས་སུ་རང་སྐྱོང་ལྗོངས་ཀྱི་འགྲེལ་བཤད་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་དང་། སྤྱི་ཕན་ཞལ་འདེབས་འབུལ་བའི་གན་འཇོག་མཛད་སྒོ རིག་གཞུང་སྤེལ་རེས། དེབ་གསར་གྱི་པར་ཕུད་མཛད་སྒོ རིག་གནས་བསམ་བཀོད་ཚོང་འདུས་སོགས་ཚུད་ཡོད།