《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月19日

བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་ཡོངས་ཀྱི་དབང་སྐྱོན་རོགས་སྐྱོར་ཉིན་མོ་བསུས་པ།

↑ འདི་ནི་འཁྲབ་སྟོན་པས“སྒྱུ་རྩལ་གྱི་ཉམས་སྣང་ངོམ། སེམས་མཐུན་གྱིས་ཕུགས་འདུན་སྒྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡུན་ནན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་སྐབས་བཅུ་པར་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

↑ འདི་ནི་ཧོ་པེ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མས་མཛེས་རྩལ་ཁང་དུ་འབག་ལ་ཚོས་བྱུག་བཞིན་པ།

↑ འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲེ་ཀྲུང་ཆུས་དམིགས་བསལ་སློབ་གསོ་ལྟེ་གནས་སུ་གཞོན་ནུ་དང་བླངས་པས་རིག་སྟོབས་སྐྱོན་ཅན་གྱི་སློབ་མ་དང་མཉམ་དུ་དགོད་བྲོའི་རོལ་རྩེད་རྩེ་བཞིན་པ།

↑ འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་ལེ་ཏེན་གྲོང་རྡལ་གྱི་དར་མའི་རིག་གནས་ལག་རྩལ་སློབ་གྲྭར་དབང་པོ་སྐྱོན་ཅན་སློབ་མས་དང་བླངས་པའི་མཛུབ་ཁྲིད་འོག་ལག་ཤེས་ཐོན་རྫས་བཟོ་བཞིན་པ།

↑ འདི་ནི་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ལན་ཧྲན་ཆུས་དབྱིན་ཆུའེ་ཧྲན་ཁྲོམ་གཞུང་དུ་སྡེ་ཁུལ་གྱི་དང་བླངས་པས་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་སྤྲད་པའི་འགྲོ་སྐྱོད་རམ་འདེགས་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

ཟླ་5ཚེས་18ཉིན་གྱི་རྒྱལ་ཡོངས་ཀྱི་དབང་སྐྱོན་རོགས་སྐྱོར་ཉིན་མོར་ས་གནས་ཁག་གིས་དབང་སྐྱོན་རོགས་སྐྱོར་ཉིན་མོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། འདི་ལོའི་རྒྱལ་ཡོངས་ཀྱི་དབང་སྐྱོན་རོགས་སྐྱོར་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རང་བརྩོན་དང་དབང་སྐྱོན་རོགས་སྐྱོར་སྙིང་སྟོབས་དར་སྤེལ་གཏོང་། མཐུན་སྒྲིལ་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ”ཞེས་པ་དེ་ཡིན་པ་རེད།