《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月19日

རྩལ་ནུས་ངོམ་སྟོན་བྱས་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ།

ཉེ་ཆར། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཅིའུ་ཐའེ་ཆུས་ཀྱི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་ཐེངས་སོ་ལྔ་པའི་གཙོ་དོན་བྱེད་སྒོ་དང་དབང་པོ་སྐྱོན་ཅན་དང་གཟུགས་པོ་བདེ་ཐང་ཡོད་མཁན་མཉམ་འདྲེས་གསར་གཏོད་ཀྱི་རིག་གནས་འགྲེམས་ནུས་དུས་ཆེན་ཧྲན་མན་ཁྱིམ་གཞིས་དབང་སྐྱོན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ། དབང་པོ་སྐྱོན་ཅན་མང་པོས་ལག་ཤེས་བཟོ་རྩལ་དང་དྲ་རྒྱའི་ཐད་གཏོང་སོགས་ཀྱི་རྩལ་ནུས་སྤོབས་པ་ཆེན་པོས་ངོམ་སྟོན་བྱས་ཤིང་། འདི་ནི་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཅིའུ་ཐའེ་ཆུས་ཧྲན་མན་ཁྱིམ་གཞིས་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་དབང་པོ་སྐྱོན་ཅན་ཞིག་གིས་ལག་བཟོས་ཐོན་རྫས་སྟོན་བཞིན་པ།