《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月19日

2025ལོའི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོར། 2025ལོའི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པ་ལྷ་ས་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་2པར་འགོ་ཚུགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

2025ལོའི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པར་རྒྱལ་ཁབ་དང་ས་ཁུལ་31དང་ཁེ་ལས་250ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། འགྲེམས་སྟོན་ཚོང་ཟོག་སྣ་ཁ་1500ལྷག་ཙམ་དང་འགྲེམས་རྫས་རིགས་10000ལྷག་ཙམ་ཟིན་ཡོད་པ་རེད།