《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月19日

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཁྱིམ་སྲོལ་བཟང་ཤོས་ཀྱི་གཏམ་རྒྱུད་མཉམ་སྤྱོད་འདུ་ཚོགས་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན། “ཁྱིམ་ཞེན་རྒྱལ་གཅེས་ཀྱིས་ལོ་ཟླར་གཟི་མདངས་བསྣན། མི་རིགས་མཐུན་སྒྲིལ་གྱི་ངོ་མཚར་ལེའུ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཁྱིམ་སྲོལ་བཟང་ཤོས་ཀྱི་གཏམ་རྒྱུད་མཉམ་སྤྱོད་འདུ་ཚོགས་ལྷ་སར་གཉེར་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཕེབས་པ་དང་འབྲེལ་ཤིས་ཚིག་གསུངས་པ་རེད།

མཉམ་སྤྱོད་འདུ་ཚོགས་སུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འོས་སྦྱོར་བྱས་པའི་འཐུས་མི་8ཀྱིས་སྔ་རྗེས་སུ་སྡིངས་ཆའི་ཐོག་ལངས་ནས་རང་ལྗོངས་ཀྱི་ཁྱིམ་སྲོལ་བཟང་ཤོས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།