ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས“དྲོ་སྐྱིད་སྦྱིན་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་ལས་བཟོ་དང་། ལས་རྣམ་གསར་པའི་ངལ་རྩོལ་པ། སྔོན་ཐོན་མང་ཚོགས་ཚོགས་པ། གཞི་རིམ་གྱི་འཐབ་ས་དང་པོའི་ལས་དོན་པ་བཅས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱས་ཡོད། བྱེད་སྒོ་སྤེལ་རིང་། ལས་དོན་པས་དཀའ་ངལ་ཡོད་པའི་ལས་བཟོར་བཟོ་ཚོགས་ཀྱི་རོགས་སྐྱོར་སྲིད་ཇུས་གསལ་འགྲེལ་བརྒྱབ་པ་མ་ཟད། མི་རེར་འཚམས་འདྲིའི་དངུལ་སྒོར་2000དང་དངུལ་སྒོར་300རི་བའི་དངོས་ཟོག་ཀྱང་སྤྲད་པ་རེད། དེ་དང་ཆབས་ཅིག་མྱུར་སྐྱེལ་པ་དང་། ངལ་རྩོལ་དཔེ་བཟང་བ། སྔོན་ཐོན་ལས་དོན་པ་བཅས་ལ་འཚམས་འདྲིའི་དངུལ་སྒོར་500དང་། སྒོར་600 སྒོར་2000བཅས་དང་དེ་བཞིན་དངོས་ཟོག་སྤྲད་པ་རེད། ད་ཐེངས་ཀྱི་བྱེད་སྒོར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་4.06རི་བའི་འཚམས་འདྲིའི་དངུལ་དངོས་སྤྲད་པ་རེད། འདི་ནི་རུ་ཐོག་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའི་ལས་དོན་པས་འཚམས་འདྲི་བྱ་ཡུལ་ལ་འཚམས་འདྲིའི་དངུལ་སྤྲོད་བཞིན་པ།