《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月16日

པར་རིས་གསར་འགྱུར།

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་ཆུ་གསུམ་རྫོང་གྲོང་རྡལ་སློབ་ཆུང་དང་མཉམ་དུ“བཙན་ཤེད་སྙན་སེང་ལམ་ལུགས་དོན་འཁྱོལ་བྱས་ནས་མེས་རྒྱལ་གྱི་མ་འོངས་པ་མཉམ་དུ་སྲུང་སྐྱོང་བྱེད་པ”བརྗོད་དོན་གཙོ་བོར་བྱས་ཏེ། ཆུ་གསུམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི“ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་ཁྱིམ་ཚང”དུ་དགེ་རྒན་དང་ལས་བཟོ་ཚོར་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་ཤིང་། འདི་ནི་ཆུ་གསུམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཟླ་བ་གསལ་སྒྲོན་གྱིས་དགེ་རྒན་དང་ལས་བཟོ་ཚོར་ན་སོ་དར་ལ་མ་བབས་པའི་མིའི་ལས་དོན་གྱི་གལ་ཆེའི་རང་བཞིན་འགྲེལ་བཤད་རྒྱག་བཞིན་པ།