འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མི་སྤྱི་པུའུ་དང་བཟོ་འཕྲིན་པུའུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་པ་གཞིར་བཟུང་། ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིར“རྒྱལ་ཡོངས་བཟོ་འཕྲིན་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ནས། རང་ལྗོངས་ཀྱི་མཚན་སྙན་དེ་ཐོབ་པའི་ལྷ་ས་གྲོང་ཁྱེར་ཁོངས་གཏོཌ་ཀྱི་གཞུང་ཁོངས་ཁེ་ལས་འབའ་ཞིག་ཏུ་གྱུར་ཡོད།
ལོ་མང་རིང་། ཀུང་སི་དེས་རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཆེད་ལས་ཀྱི་ལག་རྩལ་ཚོགས་པ་དང་གསར་གཏོད་ཀྱི་ཞབས་ཞུའི་བྱེད་སྟངས་ལ་བརྟེན་ནས་གྲངས་འཛིན་ཐོན་ལས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཚད་བརྒལ་བྱས་ཏེ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་གྲངས་འཛིན་གྱི་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དེ་དང་ཆབས་ཅིག་གྲུབ་འབྲས་དེས་ལྷ་ས་གྲོང་ཁྱེར་གྱི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱིས་སྤུས་ལེགས་ཁེ་ལས་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གང་ལེགས་མངོན་ཏེ་ལས་རིགས་ཀྱི་ཚད་ཤིང་བཏོད་ཡོད།