འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་མི་སྤྱི་ཅུས་དང་ཚལ་གུང་ཐང་ཁྲོམ་གཞུང་དབར་མཉམ་ལས་དམ་ཟབ་དང་འབྲེལ་མཐུད་ཧུར་ཐག་བྱས་པ་བརྒྱུད། ཚལ་གུང་ཐང་ཁྲོམ་གཞུང་གི་ཞིང་འབྲོག་པ་5ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབྱི་ཧྭ་སྡེ་ལས་སུ་ལས་ཞུགས་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལས་ཞུགས་ཐུབ་པའི་ཞིང་འབྲོག་པ་ལྔ་པོས་གཙོ་བོ་སྔོ་འགྱུར་བདག་སྐྱོང་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་སོགས་ཀྱི་ལས་འགན་འཁུར་རྒྱུ་ཡིན་པ་དང་། ཞིང་འབྲོག་པ་སྒོ་རྩར་ལས་ཞུགས་བརྟན་པོ་ཐུབ་པ་མ་ཟད། ཁོང་ཚོར་འབབ་འཕར་བརྟན་པོ་ཡོང་བའི་དམིགས་ཚད་མངོན་འགྱུར་ཡང་བྱུང་ནས་གཅིག་གོ་ཉིས་ཆོད་བྱུང་ཡོད།
ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་རྟེན་གཞིའི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་། ལས་ཞུགས་ཐབས་ལམ་སྔར་བས་རྒྱ་སྐྱེད་གཏོང་བ། གཙོ་གནད་ཁེ་ལས་དང་རྣམ་གྲངས་གལ་ཆེན་དབར་མཉམ་ལས་གཏིང་ཟབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་མ་དངུལ་གཏོང་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཞིང་འབྲོག་པ་དེ་བས་མང་བ་སྤུས་ཚད་མཐོ་པོས་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་སྣོན་པ་དང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྟོབས་ཤུགས་ཆེན་པོ་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།