《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

ཀྲུང་ཁྲེ་སྙེ་མོའི་ནུས་རྒྱུ་གསར་པའི་སྒྲིག་ཆས་ཐོན་ལས་གླིང་གི་ས་བབ་མཐོ་བའི་རླུང་གློག་འཕྲུལ་འཁོར་ཚན་པ་ཐོག་མ་ཐོན་སྐྱེད་བྱེད་མཇུག་འགྲིལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་ཁྲེ་ཧྲན་ཏུང་རླུང་གློག་ཚད་ཡོད་ཀུང་སིས་ས་བབ་མཐོ་ཁུལ་དུ་རང་བརྟེན་ཞིབ་སྤེལ་བྱས་ནས་བཟོས་པའི་ས་བབ་མཐོ་བའི་རླུང་གློག་འཕྲུལ་འཁོར་ཚན་པ་ཐོག་མ་དེ་ཀྲུང་ཁྲེ་སྙེ་མོའི་ནུས་རྒྱུ་གསར་པའི་སྒྲིག་ཆས་གླིང་དུ་བདེ་བླག་ངང་ཐོན་སྐྱེད་བྱེད་མཇུག་འགྲིལ་བ་དེ་ཐོག་ནས་སྙེ་མོ་རྫོང་གི་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཁྲེ་སྙེ་མོའི་ནུས་རྒྱུ་གསར་པའི་སྒྲིག་ཆས་ཐོན་ལས་གླིང་གིས་དུས་ཐེངས་དང་པོར་མ་དངུལ་སྒོར་ཁྲི་1000བཏང་བ་དང་བཟོ་ཁང་གི་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་4.3ཟིན་ཞིང་། ཀྲའོ་ཝ་5དང་དེ་ཡན་གྱི་རླུང་གློག་འཕྲུལ་འཁོར་ཚན་པ་ཆེ་གྲས་བཟོ་བའི་ཐད་ཆེད་མངགས་གཞོལ་བཞིན་ཡོད་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱིས་སྙེ་མོའི་ས་གནས་དེ་རང་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་སྐྱེད་ཀྱི་རྣམ་པ་གཏོད་རྒྱུར་གཞོལ་བཞིན་ཡོད། ད་རེས་ཐོན་སྐྱེད་བྱེད་མཇུག་འགྲིལ་བའི་རླུང་གློག་འཕྲུལ་འཁོར་ཧྲིལ་པོའི་ཚན་པ་རེའི་གཤོང་ཚད་ཀྲའོ་ཝ་6.25ཟིན་པ་དང་འདབ་འཁོར་གྱི་ཚངས་ཐིག་ལ་སྨི་195ཡོད་པས་གློག་གཏོང་གི་ལས་ཕྱོད་མཐོ་བ་དང་། འཁོར་རྒྱུག་བརྟན་པོ་ཡོད་པ། སྲུང་སྐྱོང་གི་མ་གནས་དམའ་བ་སོགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་པས། རྙོག་འཛིང་ཆེ་བའི་རླུང་གློག་ར་བ་སྣ་ཚོགས་ལ་རྒྱ་ཁྱབ་ངང་སྤྱད་ཐུབ་ལ། རླུང་གློག་ནུས་རྒྱུ་ཕན་ཆེའི་ངང་སྤྱོད་རྒྱུའི་འགན་ལེན་ནུས་ལྡན་ཡང་བྱེད་ཐུབ་ཀྱི་ཡོད།