《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

རྔ་ཆེན་ཁྲོམ་གཞུང་རྣ་རུ་སྡེ་ཁུལ་གྱིས།

ཁྱིམ་ཚང་གི་གཏུམ་སྤྱོད་ལ་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྔ་ཆེན་ཁྲོམ་གཞུང་རྣ་རུ་སྡེ་ཁུལ་དུ་ཁྱིམ་ཚང་གི་གཏུམ་སྤྱོད་ལ་འགོག་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་སྡེ་ཁུལ་གྲོང་མི་ཚོས་ཁྱིམ་ཚང་གི་གཏུམ་སྤྱོད་ཤེས་རྟོགས་དང་རང་སྲུང་འདུ་ཤེས་ཟབ་ཏུ་བཏང་ནས་འཆམ་མཐུན་ཁྱིམ་ཚང་བསྐྲུན་རྒྱུ་དེ་རེད།

བྱེད་སྒོའི་རིང་། སྡེ་ཁུལ་གྱི་ལས་དོན་པ་དང་། དང་བླངས་པ་སྡེ་ཁུལ་གྱི་ཐང་ཆེན་དང་། ཁྲོམ་གཞུང་། གྲོང་མིའི་སྡེ་ཁུལ་སོགས་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་མ་ཟད། གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་གྲོང་མི་ཚོར་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ངོ་བོ་དང་། རིགས། གནོད་འཚེ། ཁ་གཏད་གཅོག་ཐབས་བཅས་འགྲེལ་བཤད་བརྒྱབ་པ་རེད། བུད་མེད་དང་བྱིས་པ་སོགས་ཁྱིམ་ཚང་གཏུམ་སྤྱོད་ཕོག་སླ་བའི་ཚོགས་སྤྱིར་དམིགས་ནས་ལས་དོན་པས་དམིགས་བསལ་དོ་ཁུར་དང་སེམས་རྩ་འཁོལ་པོས་འདྲི་བར་ལན་བརྒྱབ་པ་མ་ཟད། ཁོང་ཚོར་ཁྱིམ་ཚང་གཏུམ་སྤྱོད་ལ་འགོག་རྒོལ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།