《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

མངའ་རིས་ས་ཁུལ་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས་སྲིད་འཛིན་ཁྲིམས་སྒྱུར་པའི་གསོ་སྦྱོང་བྱེད་སྒོ་སྤེལ་བ།

ཁྲིམས་སྒྱུར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཁྲིམས་སྒྱུར་པའི་ཆེད་ལས་བྱང་ཚད་མཐོ་རུ་བཏང་སྟེ་ཁྲིམས་སྒྱུར་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་དུས། མངའ་རིས་ས་ཁུལ་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས་སྲིད་འཛིན་ཁྲིམས་སྒྱུར་པའི་གསོ་སྦྱོང་བྱེད་སྒོ་སྤེལ་ནས་མངའ་རིས་ས་ཁུལ་གྱི་བསྒྲིལ་ཐ་ཁྲོམ་རའི་ལྟ་འདོམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ནུས་པ་སྦྱིན་པ་དང་བཀོད་པ་ཇུས་འགོད་བྱས་ཡོད་པ་རེད། འདི་ནི་མངའ་རིས་ས་ཁུལ་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱི་ཁྲིམས་སྒྱུར་པའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་གསོ་སྦྱོང་བྱེད་བཞིན་པ།