《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

ཁྲེང་ཀོན་ཆུས་ཀྱིས།

ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཞིང་ལས་གྲོང་གསེབ་དང་ཆུ་བེད་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་ས་གཙང་ཀུང་སིས(ཞིང་ལས་ལག་རྩལ་པུའུ)རོགས་གཉེར་བྱས་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་ཀྲེ་ཀྲའོ་ཐོན་ལས་གླིང་དུ་བདེ་བླག་ངང་སློབ་འགོ་ཚུགས་པ་རེད།

གསོ་སྦྱོང་བྱེད་རིང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བྱམས་པ་སྒྲོལ་དཀར་གྱིས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་དང་། སྔོ་ཚལ་གྱི་སྣ་ཁ་འདེམས་པ། མྱུག་གསོའི་ལག་རྩལ། ནད་འབུའི་གནོད་པ་སྔོན་འགོག་དང་ཚོད་འཛིན་སོགས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། གསོ་སྦྱོང་ལ་ཞུགས་མཁན་ལ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་མཐོང་ཆེན་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ནན་པོ་བསྲུངས་ཏེ་ཚལ་ཞིང་ནས་གསོལ་ཅོག་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།