འདི་ག་ཚགས་པར་ཁང་དུ་མཚོ་སྨད་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྨད་རྫོང་གིས“ཡ་རབས་གསོལ་ཅོག གྲོན་ཆུང་སྤྱོད་བཟང”གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་བཟའ་བཏུང་ཞབས་ཞུའི་ཚན་པ་ཁག་ཏུ་བསྐྱོད་དེ། མངོན་གསལ་ཆེ་སར“ཡ་རབས་གསོལ་ཅོག”དང“བཟའ་བཏུང་འཕྲོ་བརླག་གཏན་འགོག”སོགས་ཀྱི་དྲིལ་བསྒྲགས་བརྡ་ཁྱབ་དང་འབྲེལ་ཡོད་སྦྱར་ཡིག་སྦྱར་བ་དང་བཟའ་བཏུང་ཚན་པར《བཟའ་བཏུང་འཕྲོ་བརླག་གཏན་འགོག་གི་གྲོས་འགོའི་ཡི་གེ》སྤྲད་དེ། བཟའ་བཏུང་ཚན་པར་བྱེད་པོའི་འགན་འཁྲི་ལག་ལེན་བསྟར་རྒྱུར་སྐུལ་མ་བཏང་བ་མ་ཟད། སྐུ་མགྲོན་ལ་ཟ་མ་འོས་འཚམ་འདེམས་པ་དང་ཟས་ལྷག་ཁྱིམ་དུ་འཁྱེར་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
དེ་དང་ཆབས་ཅིག་བཟའ་བཏུང་ཚན་པས་སྐུ་མགྲོན་གྱི་མི་གྲངས་གཞིར་བཟུང་ཚལ་འོས་སྦྱོར་ལུགས་མཐུན་བྱེད་པ་དང་། སྤོམ་ཉུང་བའི་ཚལ་དང་སྤོམ་ཕྱེད་ཚལ་སོགས་རང་གཤིས་ཅན་གྱི་ཚལ་འདེམས་སུ་བཅུག་ནས། འཛད་སྤྱོད་པ་མི་འདྲ་བའི་དགོས་མཁོ་སྐོང་རྒྱུ་དར་སྤེལ་བཏང་བ་རེད།
(བདེ་དབང་དང་པ་ཕན་གྱིས་སྒྱུར་ཞུས་བྱས)