《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

འཐབ་ས་དང་པོའི་འཛུགས་སྐྲུན་པར་འཚམས་འདྲི་ཞུས་པ།

ཉེ་ཆར། བོད་ལྗོངས་དངུལ་ཁང་གིས་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ལྷ་ས་མཐོ་གསར་ཁུལ་གྱི་ཚད་ལྡན་བཟོ་གྲྭའི(དུས་ཐེངས་གཉིས་པ)རྣམ་གྲངས་ལས་ཡུལ་དུ་བསྐྱོད་ནས་འཐབ་ས་དང་པོའི་འཛུགས་སྐྲུན་པར་འཚམས་འདྲི་ཞུས་ཏེ་ལྷམ་དང་གྱོན་ཆས་སོགས་འཚོ་བའི་མཁོ་ཆས་ཆིག་སྟོང་ལྷག་ཙམ་སྤྲད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ལྷ་ས་མཐོ་གསར་ཁུལ་གྱི་ཚད་ལྡན་ཅན་བཟོ་གྲྭའི(དུས་ཐེངས་གཉིས་པ)རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་4.43བཏང་ཞིང་། བསྐྲུན་ཟིན་རྗེས་ཁེ་ལས་གཅིག་སྡུད་ཐུབ་སྟེ་ཐོན་ལས་ཚོ་འདུས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད།

འདི་ནི་བོད་ལྗོངས་དངུལ་ཁང་གི་ལས་དོན་པས་རྣམ་གྲངས་ལས་ཡུལ་དུ་ཞིང་པ་ལས་མིར་ལྷམ་སྤྲོད་བཞིན་པ།