① ཉེ་ཆར་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་གྱི“གཞི་རྩ་གསུམ་དང་ནན་པོ་གསུམ”གྱི་ནད་སྐྱོང་ལས་གནས་ཀྱི་རྩལ་ནུས་འགྲན་བསྡུར་བྱས་པ་རེད། འདི་ནི་སྨན་གཡོག་རྩལ་ནུས་འགྲན་བསྡུར་ལ་ཞུགས་བཞིན་པ།
② ཉེ་ཆར་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས“5·12”རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་དང་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། འདི་ནི་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཕུལ་བྱུང་སྨན་གཡོག་གི་འཐུས་མི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་བཞིན་པ།
③ “5·12”རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་སྐབས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། འདི་ནི་མལ་གྲོ་གུང་དཀར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་རྫོང་མི་དམངས་སྨན་ཁང་གི་སྨན་གཡོག་ལ་མེ་ཏོག་སྤྲོད་བཞིན་པ།