《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月12日

“ལྔ་གཅིག”ངལ་གསོའི་རིང་ལྷ་སའི་མེ་འཁོར་བབས་ཚུགས་སུ་འགྲུལ་པ་འབྱོར་ཐོན་བྱེད་ཚད་མི་ཐེངས་ཁྲི་15.23ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”ངལ་གསོའི་རིང་། ཡུལ་སྐོར་དུ་འགྲོ་མཁན་དང་། གཉེན་ཉེ་ཐུག་པར་འགྲོ་མཁན། སློབ་གྲྭར་འགྲོ་མཁན་སོགས་མཉམ་དུ་འཁེལ་ནས་འགྲུལ་པ་འགྲོ་འོང་བྱེད་ཚད་རྒྱུན་མཐུད་མང་དུ་ཕྱིན་ཡོད། ཟླ་4ཚེས་29ཉིན་ནས་ཟླ་5ཚེས་6ཉིན་བར། རིམ་རྩིས་བརྒྱབ་ན་ལྷ་ས་མེ་འཁོར་བབས་ཚུགས་སུ་འགྲུལ་པ་འབྱོར་ཐོན་བྱེད་ཚད་མི་ཐེངས་ཁྲི་15.23ཟིན་ནས་སྐྱེལ་འདྲེན་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོད།