《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月10日

རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་དྭ་ཕྲུག་གི་ལས་ཞུགས་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ།

ཉེ་བའི་ལོ་ཤས་རིང་དྭ་ཕྲུག་1430ལས་ཞུགས་ཐུབ་རོགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་དྭ་ཕྲུག་གི་ལས་ཞུགས་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲོང་ཁྱེར་དང་ས་ཁུལ་7དང་བྱིས་པའི་ཕན་བདེའི་སྒྲིག་གཞི་11ལ་ཁྲིད་སྟོན་ཧུར་ཐག་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་དྭ་ཕྲུག་སྤྱི་ཚོགས་ནང་མཉམ་འདྲེས་དང་རང་ཚུགས་རང་དར་ཡོང་བར་ཆ་རྐྱེན་བསྐྲུན་ཡོད། མིག་སྔར་དྭ་ཕྲུག་1430ལས་ཞུགས་ཐུབ་རོགས་རམ་བྱས་ཡོད།

དུས་བཀག་འཚམས་འདྲི་དང་། ཁ་པར་ནས་འཚམས་ལན། དྲ་ཐོག་ནས་འབྲེལ་གཏུག་སོགས་ཀྱི་བྱ་ཐབས་བརྒྱུད་ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ལས་ཞུགས་ཐུབ་པའི་དྭ་ཕྲུག་གི་ལས་ཀ་དང་འཚོ་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་། དྭ་ཕྲུག་རྣམས་ལ་ལས་ཀ་འཚོལ་རིང་འཕྲད་པའི་དཀའ་ངལ་མུ་མཐུད་རྗེས་སྙེག་ཐག་གཅོད་བྱས་ཏེ། ཁོ་ཚོར་བསམ་པའི་རྒྱབ་སྐྱོར་དང་ལས་རིགས་ཀྱི་མཛུབ་ཁྲིད་བྱས་ནས་ལས་ཞུགས་རོགས་སྐྱོར་རྒྱུན་མི་ཆད་པར་བྱས་པ་རེད།