འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོ་ཁག་དྲུག་པ་ཁྱབ་བསྒྲགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་རྭ་སྒྲེང་ཆོས་བྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངག་དབང་དོན་གྲུབ་དང་། ཀོ་རྩེད་ཞབས་བྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལྷག་པ་ཚེ་རིང་། སྐྱོར་མོ་ལུང་ལྷ་མོའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་བཀྲ་ཤིས་བཅས་མིང་ཐོའི་ནང་བདེ་བླག་ངང་ཚུད་ཡོད་པ་རེད། ད་བར་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་གྲངས་འབོར་15ཟིན་ཡོད།
ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁྲིད་སྦྱོང་བྱེད་སྒོ་སྤེལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། རྒྱུན་འཛིན་པ་གསོ་སྦྱོང་སྒྲིག་འཛུགས་བཅས་བྱས་ཏེ། སྔ་རྗེས་སུ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་དྲུག་ལ་མིང་བཏགས་ཡོད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གྲངས་འབོར་381ཟིན་པ་དེའི་ནང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་15དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་32 གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་107 རྫོང་རིམ་པའི་རྒྱུན་འཛིན་པ་227བཅས་ཡོད་པས། ལྷ་སར་མ་ལག་ཆ་ཚང་བ་དང་རིམ་པ་ལུགས་མཐུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔུང་ཁག་གྲུབ་སྟེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཁྲོད་ནུས་པ་གལ་ཆེན་འདོན་པའི་དཔེ་མཚོན་འཐུས་མི་འབོར་ཆེན་ཞིག་གསོ་སྐྱོང་ཐུབ་ཡོད།
(བསོད་བདེ་ཆེ་བས་བསྒྱུར། པ་ཕན་གྱིས་ཞུས)