ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་གླང་རུ་ཉེན་དོན་ཁང་2012ལོར་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ“ཉེན་རྟོག་པ་དང་ས་གནས་མཉམ་འདྲེས”ལྟེ་བར་བྱས་ཏེ་གཞི་རིམ་བཅོས་སྐྱོང་གསར་གཏོད་ལ་གཏིང་ཟབ་གཞོལ་ནས“གྲངས་གཞི་མཉམ་སྤྱོད་དང་། མཉམ་འགོག་མཉམ་བཅོས། རིམ་གསུམ་མཉམ་འགུལ”བཅས་དམ་འཛིན་བྱ་གཞིར་བྱས་ཏེ། སྨི་ངོས་གྲུ་ཁྲི་76.58ཀྱི་ཁོངས་གཏོགས་ཁུལ་ལ་ཁྱབ་པ་དང་སྡེ་ཁུལ་གྱི་གྲོང་ལྷན་3ལ་ཞབས་འདེགས་ཞུ་བའི་དུས་བདེའི་དྲ་རྒྱ་བཙུགས་ཡོད། ཉེན་དོན་ཁང་དང་ཕྱོགས་མང་སྟོབས་ཤུགས་ཀྱི་མཉམ་ལས་བྱས་པ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་གྱོད་གཞི་དུས་མཚུངས་ལས་37%ཆག་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་གསོན་ཉམས་དོད་པའི་ལག་ལེན་གྱི་དཔེ་མཚོན་དུ་གྱུར་ཡོད་པ་རེད།
གསར་བརྗེའི་སྒུལ་ཤུགས་ཀྱིས་བཅོས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བ།
ཉེན་དོན་ཁང་གི་ཉེན་རྟོག་དཔོན་གྱིས་སྡེ་ཁུལ་ཚན་ཁག་གི་ལས་དོན་ནང་ཧུར་ཐག་ཞུགས་ཏེ“ཉེན་རྟོག་པ་དང་སྡེ་ཁུལ་གྱི་གཟའ་འཁོར་རེའི་ཚོགས་འདུ”དུས་བཀག་ལྟར་འཚོགས་ནས“དྲ་ཐོག་གི་སྦྱོང་ཚན་ཟུར་ཁྲིད”དང“སྤྱི་ཕན་འོས་འགན་སྨན་བཅོས”སོགས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ཞབས་འདེགས་ཞུ་རྒྱུར་སྣེ་ཁྲིད་བྱས་པར་མང་ཚོགས་མི་ཐེངས་300ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། དཔུང་ཁག་གི་བྱ་དགའི་ལམ་སྲོལ་བཙུགས་ནས་མཉམ་འགོག་མཉམ་བཅོས་ཀྱི་དཔུང་ཁག་གི་ཧུར་སེམས་འཕེལ་བར་བྱས་ཡོད།
“སྡེ་ཁུལ་དང་། ཉེན་དོན། ཉེན་དོན་འབྲེལ་གཏུག་ས་ཚིགས”བཅས་ཟུང་འབྲེལ་གྱི་གཞི་རིམ་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱས་ནས་པི་ཀུའེ་ཡོན་ཁུལ་ཆུང་དུ“གསར་བརྗེའི་སྡེ་ལས”ཚོད་ལྟར་བྱས་ཏེ་ཁུལ་ཆུང་གི་ཏང་ཀྲི་པུའུ་བཙུགས་པ་དང་། ཁུལ་ཆུང་གི་ཏང་ཡོན་དཔུང་ཁག་སྐུལ་སློང་རྒྱ་ཁྱབ་བྱས་ནས་ཕྱོགས་མང་སྟོབས་ཤུགས་བསྡུ་སྒྲིལ་གྱིས་ཁུལ་ཆུང་གི་ཏང་ཡོན་དཔུང་ཁག་དང་། མཉམ་འགོག་མཉམ་བཅོས་སྟོབས་ཤུགས། སྡེ་ལས་ཀྱི་ཞབས་ཞུའི་ཁེ་ལས་བཅས་ཕྱོགས་གསུམ་མཐུན་སྦྱོར་བྱས་ཏེ་སྡེ་ཁུལ་གྲོང་ལྷན་དང་། ཉེན་དོན་ཁང་། ཉེན་དོན་འབྲེལ་གཏུག་ས་ཚིགས་བཅས་རིམ་གསུམ་མཉམ་འགུལ་གྱི་བཅོས་སྐྱོང་བྱེད་སྟངས་ཧུར་ཐག་བཏོད་ཡོད། མ་ལག་དེས་བཙུགས་པའི“འདུམ་འགྲིག་རུ་ཁག”གིས་རིམ་རྩིས་བརྒྱབ་ན་རྩོད་གཞི་ཁག་32ཐག་གཅོད་བྱས་པ་དང་། “སྡེ་ཚན་གྱི་འབྲེལ་གཏུག་པས”རྟགས་བཤེར་ལན་སྤྲོད་ལམ་སྲོལ་བརྒྱུད་མང་ཚོགས་ཀྱི་རེ་ཞུ་50ལྷག་ཙམ་ཐག་གཅོད་བྱས་ཡོད།
གྲངས་གཞིའི་མཐུན་རྐྱེན་ལས་གནད་སྨིན་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་པ།
2024ལོའི་ཟླ་3པར་བཙུགས་པའི“མང་ཚོགས་ཉེན་རྟོག་པའི”དཔུང་ཁག་དེ་གྲངས་གཞིའི་མཐུན་རྐྱེན་འོག་སྐོར་སྲུང་བར་གྱུར་ཡོད། མི་གྲངས་125ལས་གྲུབ་པའི་མཉམ་འགོག་མཉམ་བཅོས་སྟོབས་ཤུགས་དེའི་གཤམ་དུ་ཡན་ལག་རུ་ཁག་3གྱི་ཚོགས་ཆུང་15བཙུགས་ཏེ་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་སྔོན་འགོག་ཚོད་འཛིན་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། འགལ་ཟླ་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་འབྲེལ་ཡོད་ལས་དོན་སྤེལ་རིང་ནུས་པ་གལ་ཆེན་བཏོན་པས་ཉེས་དོན་བདེ་འཇགས་གྱོད་གཞི་དང་བདེ་འཇགས་ཐོན་སྐྱེད་ལས་འཛོལ་སོགས་ཐོན་ཚད་ཉུང་དུ་ནུས་ལྡན་ཕྱིན་ཡོད། སྐོར་གཡེང་སྔོན་འགོག་ཚོད་འཛིན་ཐད“མང་ཚོགས་ཉེན་རྟོག་པའི”མཉམ་འགོག་མཉམ་བཅོས་དཔུང་ཁག་གིས་སྐོར་སྲུང་གི་ནུས་པ་གང་ལེགས་བཏོན་ཏེ་ད་བར་རྐུ་འཕྲོག་གི་དོགས་གཞི་ཡོད་མཁན་4བཟུང་བ་དང་། རྐུ་འཕྲོག་གྱོད་གཞིའི་ཁུངས་སྣེ་1ལེབ་བཤེར་ཐུབ་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ས་80ལྷག་ཙམ་བཅོས་སྒྲིག་བྱས་ཡོད། བྱ་དགའ་ཆད་གཅོད་ལམ་སྲོལ་གཞིར་བཟུང་། 2024ལོའི་ལོ་མཇུག་ཏུ་གྲུབ་འབྲས་མངོན་གསལ་དོད་པའི་འོས་འགན་ཉེན་རྟོག་ཚོགས་ཆུང་5ལ“ཕུལ་བྱུང་གི་བདེ་འཇགས་གདོང་ལེན”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
མཉམ་འགོག་མཉམ་བཅོས་བྱས་ནས་དུས་བདེའི་འགོག་སྲུང་དྲ་རྒྱ་ཚགས་དམ་དུ་བཏང་བ།
2023ལོར་བཙུགས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་དུ་ཁུལ་ཆུང་6ཡོད་པའི་ནང་ཚོང་ཁང་དང་དེ་བཞིན་བདག་དབང་མཉམ་སྤྱོད་སྡོད་ཁང་ཚུད་པའི་གྲོང་མི་4000ལྷག་ཙམ་ཡོད། སྡེ་ཁུལ་འཛུགས་ཡུན་ཐུང་བ་དང་། ཁྱིམ་དུད་དབར་འབྲེལ་འདྲིས་དེ་ཙམ་མེད་པ། གྲོང་མིའི་དགོས་མཁོ་དང་རེ་འདོད་དབར་ཁྱད་པར་ཡོད་པ་སོགས་གསར་སྐྲུན་སྡེ་ཁུལ་དེར་འགལ་ཟླ་དང་འགྲན་སློང་མང་པོ་འཕྲད་ཡོད།
གྲོང་མིའི་རེ་ཞུ་སྣ་མང་སོགས་ཀྱི་གནད་དོན་ལ་དམིགས་ནས་གླང་རུ་ཉེན་དོན་ཁང་གིས་གླིང་ཆུང་སྡེ་ཁུལ་གྲོང་ལྷན་དང་མཉམ་དུ“གཅེས་སེམས་ཁྱིམ་གཞིས”ཀྱི་དམངས་ཕན་ཞབས་ཞུའི་ས་ཚིགས་བཏོད་ནས་མིག་སྔའི་བར་རིམ་རྩིས་བརྒྱབ་ན་འགལ་ཟླ་དང་རྩོད་གཞི་ཁག་12བསལ་བ་དང་། མང་ཚོགས་ཀྱི་འཚོ་བའི་རེ་ཞུ་ཁག་23ཐག་གཅོད་བྱས་པས“འགལ་ཟླ་རང་སར་སེལ་བ་དང་ཞབས་འདེགས་སྒོ་རྩར་ཞུ་ཐུབ་པ”བྱུང་ཡོད།