《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月05日

ལྷུན་རྩེ་རྫོང་གི

ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་འགོ་ཕྱོགས་ཡོངས་ནས་བསྐྱར་དུ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། ཟླ་3པ་ཚུན་དུ། ལྷུན་རྩེ་རྫོང་གིས་ཕྱོགས་ཡོངས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། ལོ་གསར་པའི་ནང་ཞིང་ལས་ཀྱི་ཐོན་འབབ་དང་ཞིང་པའི་ཡོང་འབབ་འཕར་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ལྷུན་རྩེ་གྲོང་རྡལ་དྲེའུ་ལྷ་གྲོང་ཚོ་དང་། རི་ཐང་གྲོང་རྡལ་གཡུ་དཔལ་གྲོང་ཚོ་དང་སྦྲ་གྲོང་ཚོ་སོགས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ཨར་སྐྲུན་ལས་ཡུལ་དུ་སྐྱོད་སྐབས། སྔོག་འཕྲུལ་དང་རྨོ་འདེབས་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་ཀྱིས་ལས་ཀ་ཧ་རུབ་སྦ་རུབ་བྱེད་པ་དང་ཨར་ལས་པར་ལས་བགོས་ཁ་གསལ་གྱིས་ས་ཞིང་་བཟོ་སྐྱོར་དང་ཆུ་ཡུར་སྔོག་འདྲུ་སོགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་སྒོ་ནས་བྱས་ཏེ་གང་སར་ཚ་ཚ་འུར་འུར་གྱིས་ངལ་རྩོལ་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་རྩེ་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་བསྡོམས་གཉིས་ཡོད་ཅིང་། རྣམ་གྲངས་འཛུགས་སྐྲུན་དེ་དག་ལྷུན་རྩེ་གྲོང་རྡལ་དང་། རི་ཐང་གྲོང་རྡལ། རི་རོང་ཤང་། གཉལ་སྨད་ཤང་བཅས་ཤང་གྲོང་4ཡི་སྲིད་འཛིན་གྲོང་ཚོ་25དང་འབྲེལ་བ་ཡོད་པ་དང་། མིག་སྔར་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱུང་ཡོད་པ་རེད།