འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཚུན་དུ་འཕྱོངས་རྒྱས་རྫོང་གིས་གྲོང་ཚོ་རིམ་པའི་ཁྲུས་ཁང་དང་ཟ་ཁང་འཛུགས་སྐྲུན་ལ་དམིགས་ནས་རྫོང་རིམ་པའི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་200བཏོན་ཏེ་གྲོང་ཚོ་རེར་སྒོར་ཁྲི་10ཡི་ཚད་གཞི་ལྟར“སྒྱུར་བཀོད་ཕྲན་བུ་དང་མཐོར་གཏོང་ཞིབ་ཚགས་བྱེད་པའི”ལས་གྲྭ་ལག་བསྟར་བྱས་ནས་གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་གི་སྤུས་འབོར་གཉིས་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)20ཡི་ཁྲུས་ཁང་དང་ཟ་ཁང་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཡོངས་སུ་ལེགས་གྲུབ་ཟིན་ཡོད།
གཞན་ཡང་འཕྱོངས་རྒྱས་རྫོང་གི་གྲོང་ཚོ་ཁག་གིས་སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་ཁྲུས་ཁང་ཆུང་ངུ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་དང་། མང་ཚོགས་ཀྱིས་ཁྲུས་ཁང་ཆུང་ངུ་ནས་རིན་མེད་ངང་གཟུགས་པོ་བཀྲུ་ཆོག་པ་རེད། འཕྱོངས་རྒྱས་རྫོང་གྲོང་བདུན་སྡེ་ཁུལ་གྱིས་བྱེད་ཐབས་གསར་གཏོད་བྱས་ནས“ཁྲུས་ཁང་ཡག་ཤོས”བཏོད་པ་མ་ཟད། ད་དུང་མང་ཚོགས་ཀྱི་ཁྱིམ་ཚང་འཕྲོད་བསྟེན་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་པའི་ལས་ཀའི་ཕན་འབྲས་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་གྱིས་དཔྱད་བསྡུར་ལམ་སྲོལ་བཙུགས་ཤིང་། ཕུལ་བྱུང་རིམ་པར་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཁྱིམ་ཚང་ལ“ཕན་ཆེའི་འཛིན་ཤོག”སྤྲོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མང་ཚོགས་དེ་བས་མང་བས་སྡེ་ཁུལ་གྱི་ཁྲུས་ཁང་དུ་རིན་མེད་ངང་གཟུགས་པོ་བཀྲུ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།