འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་ལྷ་ས་ཤིང་ཡུས་བཅིངས་འགྲོལ་ལས་གཉེར་ཚོམས་ཆེན་དུ་ལྗོངས་ཡོངས་ཀྱི་50G PONཀྲའོ་ཁྲི་ཡི་འོད་དྲའི་ཚོད་ལྟ་ཐོག་མ་བྱས་པ་རེད།
དངོས་སུ་ཚད་ལེན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 50G PONལག་རྩལ་གྱི་མྱུར་ཚད་ཚང་མ་ཀྲའོ་ཁྲི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཞིང་། སྲོལ་རྒྱུན་གྱི་10G PONདང་བསྡུར་ན་དྲ་ཆེན་གྱི་མྱུར་ཚད་ལྡབ10འཕར་ཡོད། ཚད་བརྒལ་དེ་ལས་སྤྱོད་མཁན་ལ་དྲ་རྒྱའི་ཉམས་ལེན་གསར་རྐྱང་ཞིག་བྱུང་བ་སྟེ། 100Gཡི་8Kགསལ་ཚད་མཐོ་བའི་གློག་བརྙན་ཕབ་ལེན་གྱི་དུས་ཚོད་སྐར་ཆ་བཅུ་ཕྲག་ཁ་ཤས་ཐུང་དུ་ཕྱིན་པ་དང་དྲ་ཐོག་གསོག་ཉར་ཁྲོད་ཀྱི་8Kབརྙན་ལམ་ཡང་བདེ་བླག་ངང་སྟོན་ཐུབ་པ་དང་རྒྱུག་ཚད་འགག་གི་མེད། གླེང་རིན་ཡོད་པ་ཞིག་ནི། ད་ཡོད་ཀྱི་དྲ་བའི་སྒྲིག་ཆས་50G PONབདེ་བླག་ངང་རིམ་སྤོར་ཐུབ་ནས། མ་འོངས་པར་གཞི་ཁྱོན་ཆེན་པོས་ཁྱབ་གདལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
“50G PONནི་ཀྲའོ་ཁྲི་ཡི་འོད་དྲའི་ལྟེ་བའི་ལག་རྩལ་ཞིག་ཡིན་པའི་ངོས་ནས་སྤྱོད་མཁན་གྱི་དྲ་རྒྱའི་ཉམས་ལེན་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཞབས་ཞུའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་དེ་བས་ཀྱང་རེད”ཅེས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་དྲ་རྒྱ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་སྐབས་ཀྲའོ་ཁྲི་ཡི་འོད་དྲས་དྲ་ཆེན་གྱི་མྱུར་ཚད་མགྱོགས་ལ། བློས་འགེལ་རང་བཞིན་ཧ་ཅང་མཐོ་བ་བཅས་ལ་བརྟེན་ནས་མི་སྒེར་དང་། ཁྱིམ་ཚང་། ཁེ་ལས་བཅས་ཀྱི་གྲངས་འཛིན་ཅན་གྱི་འཚོ་བ་དང་ཐོན་སྐྱེད་ལ་ཕྱོགས་ཡོངས་ནས་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)