ཉེ་ཆར། བོད་ལྗོངས་དེང་རབས་སྨན་ཁང་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་འཐབ་ཇུས་མཉམ་ལས་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་ནས། ས་མཐོའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་ཞིབ་གསར་གཏོད། ཏང་འཛུགས་མཉམ་སྐྲུན་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཡོང་བར་ཕྱར་བ་གྲུ་འདེགས་བྱས་ཤིང་། འདི་ནི་བོད་ལྗོངས་དེང་རབས་སྨན་ཁང་གི་ལས་དོན་པས་བོད་ལྗོངས་སློབ་ཆེན་གྱི་གསོ་རིག་ཚོད་ལྟ་ལྟེ་གནས་སུ་ལྟ་སྐོར་བྱེད་བཞིན་པ།