འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། བྱང་ཁ་ཤང་གི་གནས་སྤོས་ས་ཚིགས་སུ་ལྷུན་གྲུབ་རྫོང་གིས་2025ལོའི་ལས་ཁུངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཚང་མས་སྦྱག་མ་དང་འཇོར་སོགས་ཁྱེར་ནས་ཚ་ཚ་འུར་འུར་དང་གོ་རིམ་ལྡན་པའི་ངང་སྡོང་ཕྲུག་བཏབ་པ་རེད། ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལག་རྩལ་པས་ས་ཁོངས་ཁག་ཏུ་བསྐྱོད་དེ་ལས་བྱེད་ལས་བཟོར་ཆེད་ལས་ཀྱི་ལག་རྩལ་མཛུབ་ཁྲིད་བྱས་ཏེ། འདེམས་སྟངས་དང་། དོང་ཁུང་གཏིང་རིང་ཐུང་། སྡོང་ཕྲུག་ཕན་ཚུན་གྱི་བར་ཐག་བཅས་བརྒྱུད་རིམ་ཚང་མར་འགྲེལ་བཤད་གསལ་པོ་བརྒྱབ་ནས། སྡོང་ཕྲུག་ཚང་མ་ཚན་རིག་དང་མཐུན་པའི་གཡོག་བྱེད་འོག སྐྱེ་འཚར་ཡག་པོ་ཡོང་བར་བྱས་པ་རེད།
ཤིང་འཛུགས་ནགས་བཟོ་ནི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པ་ཞིག་རེད། ད་ཐེངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ལས་བྱེད་ལས་བཟོ་ཚོས“སྔོ་འདེབས་དང་། སྔོ་ཞེན། སྔོ་སྲུང”བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ས་བོན་བཏབ་སྟེ། ཁོང་ཚོས་རང་བྱུང་ཁོར་ཡུག་ལ་བཅངས་པའི་སྤྲོ་སེམས་དང་འགན་འཁྲི་མཚོན་པར་བྱས་པ་མ་ཟད། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་དེ་གསོན་ཉམས་དོད་པའི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་བར་བྱས་པ་རེད།