《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月29日

ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཚོང་ཟོག་ཀྲུང་ཧྭར་སྤེལ་ཞེས་པའི་ཧུའུ་ནན་ས་ཚིགས་ཀྱི་བྱེད་སྒོ་སྤེལ་བ།

འདི་ནི་ཟླ་4ཚེས་27ཉིན་པར་བླངས་པའི“2025ལོའི་ཧུའུ་ནན་གྱི་རྒྱལ་ནང་གི་ཉོ་ཚོང་དང་ཕྱི་ཕྱོགས་ཉོ་ཚོང་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་དངོས་མང་སྟོན་ཚོགས་དང་ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཚོང་ཟོག་ཀྲུང་ཧྭར་སྤེལ་ཞེས་པའི་བྱ་སྤྱོད་ཧུའུ་ནན་ས་ཚིགས”ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི་ཟླ་4ཚེས་27ཉིན་འགྲེམས་ཞུགས་ཚོང་པས(མདུན་གྱི་གཡས)བྱེད་སྒོ་སྤེལ་ཡུལ་དུ་ཉོ་སྒྲུབ་ཚོང་པར་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་ཟླ་4ཚེས་27ཉིན་འགྲེམས་ཞུགས་ཚོང་པས(གཡོན)བྱེད་སྒོ་སྤེལ་ཡུལ་དུ་རྫ་ཆས་ལ་ཚོན་གཏོང་བཞིན་པ།

ཟླ་4ཚེས་27ཉིན། “2025ལོའི་ཧུའུ་ནན་གྱི་རྒྱལ་ནང་གི་ཉོ་ཚོང་དང་ཕྱི་ཕྱོགས་ཉོ་ཚོང་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་དངོས་མང་སྟོན་ཚོགས་དང་ཕྱི་ཕྱོགས་ཉོ་ཚོང་སྤུས་ལེགས་ཚོང་ཟོག་གི་ཀྲུང་ཧྭའི་བྱ་སྤྱོད་ཀྲུང་ཧྭར་སྤེལ་ཞེས་པའི་ཧུའུ་ནན་ས་ཚིགས”ཀྱི་བྱེད་སྒོ་ཧུའུ་ནན་ཀྲུའུ་ཀྲོའུ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད། དུས་ཡུན་ཉིན་གསུམ་གྱི་དངོས་མང་སྟོན་ཚོགས་འདིའི་ནང“འཁོར་རྒྱུག་གཉིས་ཀྱིས་རམ་འདེགས་དང་། ཁྲོམ་ར་གསར་པ་རྒྱ་སྐྱེད། འཛད་སྤྱོད་གསར་པར་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ། སྨི་ངོས་གྲུ་ཁྲི་6.5ཟིན་པའི་འགྲེམས་ཁུལ་གྱི་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཚོང་པ་600ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།