ཉེ་བའི་ལོ་ཤས་རིང་། ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཁེ་ལས་ཀྱིས་ལམ་རྒྱུད་ས་ཁུལ་གྱི་ཐོན་ཁུངས་དང་ཟོག་འགྲེམས་མ་ལག་གི་ལེགས་ཆར་བརྟེན་ནས་ཤེལ་སྒོའི་འབྲེལ་ཡོད་ཐོན་ལས་བཀོད་སྒྲིག་ཧུར་ཐག་བྱེད་ཀྱི་ཡོད། ཁེ་ལས་ཀྱིས་ལྕགས་ལམ་སོགས་བརྒྱུད་ནས་མཚོ་སྔོན་གྱི་བུལ་རྐྱང་ཀོང་ཤིས་དང་ཁྲུང་ཆིང་སོགས་སུ་དབོར་ཏེ་ས་གནས་དེ་གའི་ཤེལ་སྒོའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀོང་ཤིས་དང་ཁྲུང་ཆིང་གིས་བཟོས་པའི་ཤེལ་སྒོ་ལྕགས་ལམ་དང་གཞུང་ལམ་སོགས་བརྒྱུད་ནས་ནུབ་རྒྱུད་ས་ཁུལ་དུ་དབོར་ཏེ་རླངས་འཁོར་ཧྲིལ་པོ་བཟོ་སྐྲུན་དང་། འོད་ཤུགས། འཛུགས་སྐྲུན་སོགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད།
འདི་ནི་ཟླ་4ཚེས་17ཉིན། ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་གླིང་དུ་བརྒྱུད་འདྲེན་ལྗིད་ཐེག་རླངས་འཁོར་གྱིས་སྐམ་མཚོ་བགྲོད་ལམ་གསར་པའི་ཁྲུང་ཆིང་ཝུའུ་ཧྲུའེ་གྲུ་ཁར་ཤེལ་སྒོའི་ཐོན་རྫས་བླུགས་པའི་དོས་སྒམ་དབོར་བཞིན་པ། (མི་མེད་གནམ་གྲུ་ནས་བརྒྱབ་པའི་པར)