ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་སྡོང་ཕྲུག་དབོར་འདྲེན་བྱེད་པར་དུས་ཚོད་དང་ནུས་ཤུགས་ངེས་ཅན་དགོས་པ་དང་ལས་ཕྱོད་དམའ་བའི་གནད་དོན་ཐག་གཅོད་བྱ་ཆེད། རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་གསར་གཏོད་ཧུར་ཐག་བྱས་ནས། མི་མེད་གནམ་གྲུས་སྡོང་ཕྲུག་དབོར་བའི་ལག་རྩལ་སྤྱད་དེ་སྔོ་འགྱུར་ལས་ཀའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་ཡོད། འདི་ནི་ལས་དོན་པས་མི་མེད་གནམ་གྲུར་བརྟེན་ནས་ཤུག་སྡོང་དབོར་བཞིན་པ།