《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月26日

རེན་ཝེ་ཡིས་2025ལོའི་དུས་ཚིགས་གཉིས་པའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་2025ལོའི་དུས་ཚིགས་གཉིས་པའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་ཚིགས་གཉིས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི་དང་ལོ་སྟོད་ཀྱི་ལས་འགན་གཙོ་བོ་ཁག་བགོས་བཀོད་སྒྲིག་སྐོར་བརྡ་ཁྱབ་བཏང་བ་དང་དུས་བབ་ལ་དབྱེ་ཞིབ་དང་གནད་དོན་ལ་ཞིབ་འཇུག་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་དང་ཀྲང་ལི་ཚོགས་འདུར་ཞུགས་པ་རེད།

རེན་ཝེ་ཡིས་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་ཏེ་སྔོན་དཔག་བརྟན་པོ་ཡོང་བར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་གལ་ཆེན་སྦྲེལ་མཐུད་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་དུས་ཚིགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས། ཐོན་ལས་སྟོབས་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་སྟེ“ཐོན་ལས་ཆེ་གྲས་དགུའི”སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས། ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་སྒོ་དབྱེར་དམ་འཛིན་ཡག་པོ་བྱེད་དགོས། དམངས་འཚོ་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོའི་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་སྲུང་སྐྱོང་དང་། མཐའ་མཚམས་འཕེལ་རྒྱས། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ། དེ་བས་དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་དུས་ཚིགས་གཉིས་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།