《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月26日

རང་ལྗོངས་ཀྱི་གྲོང་ཁྱེར་6དང་རྫོང་6ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་བཏགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོཌ་པའི་གཏན་འབེབས་སྒྲོག་སྦྱངས་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་འཐུས་མིར་བྱ་དགའ་ཡང་སྤྲད་པ་རེད། རང་ལྗོངས་ཀྱི་གྲོང་ཁྱེར་6དང་རྫོང་6རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་བཏགས་པ་རེད།

ཞིབ་ཕྲའི་མིང་བཏགས་པའི་མིང་ཐོའི་ནང་། ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་དང་དེ་བཞིན་རུ་ཐོག་རྫོང་དང་། སྟེང་ཆེན་རྫོང་། གྲོ་མོ་རྫོང་། འདམ་གཞུང་རྫོང་། མེ་ཏོག་རྫོང་། ལྷོ་བྲག་རྫོང་བཅས་ཚུད་ཡོད་པ་རེད།

རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)འཛུགས་གཏོད་ཀྱི་བྱེད་སྒོ་1991ལོར་སྤེལ་བ་ནས་བཟུང་། མིང་འདོགས་པའི་གཟེངས་བསྟོད་བྱེད་སྒོ་རེས་སྐོར་12སྤེལ་ཡོད་པ་རེད།