《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月23日

ཉེ་ཆར། ཧུའུ་ནན་དགེ་འོས་སློབ་གླིང་དང་པོའི་རྩིས་རིག་དང་བསྡོམས་རྩིས་སློབ་གླིང་གི“རྩིས་རིག”ཕུལ་བྱུང་བའི་དྲིལ་བསྒྲགས་ཚོགས་པས་དྲ་ཐོག་ཐད་གཏོང་གི་རྣམ་པར་བརྟེན་ནས། སྣ་དཀར་རྩེ་རྫོང་ཁ་ལུང་ཤང་སློབ་ཆུང་གི་སློབ་མར“མའོ་ཙེ་ཏུང་གཅེན་གཅུང་གསུམ་གྱི་གསར་བརྗེའི་མཛད་རྗེས”ཀྱི་བརྗོད་དོན་གཙོ་བོའི་གསར་བརྗེའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། གསར་བརྗེའི་རིག་གནས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་སློབ་གསོར་མཐུན་རྐྱེན་བསྐྲུན་པ་དང་ཕྲུ་གུ་ཚོར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

འདི་ནི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཐད་གཏོང་གི་ལམ་ནས་སློབ་མ་ཚོའི་དྲི་བར་ལན་འདེབས་པ་དང་འབྲེལ། ཡུལ་དུས་ལས་བརྒལ་ནས་ས་གནས་གཉིས་ཀྱི་ལོ་རྒྱུས་རིག་གནས་སོགས་རང་རང་སོ་སོའི་དགའ་ཕྱོགས་ཀྱི་ནང་དོན་མཉམ་སྤྱོད་དང་སྤེལ་རེས་བྱེད་བཞིན་པ།