འདི་ནི་སྐྱེད་པ་ཤང་སློབ་ཆུང་སློབ་མའི་ལད་མོའི་ཁྲིམས་རའི་འདྲི་ཞིབ་བྱ་ཡུལ་ཡིན་པ།
འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་རྩེད་ཐང་ལྟེ་བའི་མི་དམངས་ཁྲིམས་རའི“ཁྲིམས་ར་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་དུས་བཀག་ལྟར་སྤེལ་ཞིང་། སྣེ་གདོང་ཆུས་སྐྱེད་པ་ཤང་སློབ་ཆུང་གི་སློབ་མ་45ཡིས་ཁྲིམས་དཔོན་གྱི་ལས་རོགས་ནོར་སྒྲོན་གྱི་སྣེ་ཁྲིད་འོག ཁྲིམས་རར་འཛུལ་ནས་གྱོད་དོན་ཐོ་འགོད་ཚོམས་ཆེན་དང་། འདུམ་འགྲིག་ཁང་། དྲ་སྦྲེལ་ཁྲིམས་ར། “སྤྲིན་ཚོམ”འདུམ་འགྲིག་ས་ཚིགས་སོགས་སུ་ལྟ་སྐོར་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། ནོར་སྒྲོན་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྣ་མང་ཕུན་སུམ་ཚོགས་པའི་འགྲེམས་པང་ངོ་སྤྲོད་བྱས་ཤིང་། ཕྲུ་གུ་ཚོས་མི་དམངས་ཁྲིམས་ཁང་དང་མི་དམངས་ཁྲིམས་ཁང་འགན་ནུས་ཀྱི་ངེས་གནས་དང“གཅིག་འཐུས་རྣམ་པའི”གཏུག་བཤེར་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་སྔར་བས་ཤེས་རྟོགས་བྱས་པ་དང་སྦྲགས། ཁྲིམས་ཁང་གི་རྒྱུན་གཏན་ལས་དོན་སྤེལ་སྟངས་ཉམས་ལེན་བྱས་པ་རེད།
རྩེད་ཐང་ལྟེ་བའི་མི་དམངས་ཁྲིམས་རས་གྲ་སྒྲིག་ཨང་གསར་དང་ནང་སྦྱོང་བྱས་པ་བརྒྱུད། ཁྲིམས་རའི་འདྲི་ཞིབ་རྣམ་པ་གསོན་ཉམས་དོད་པོས་འཁྲབ་ཅིང་། ཕྱོགས་གཉིས་པོས་གཏུག་རྩོད་འཁྲུག་པོ་བྱས་པ་ནས་ཁྲིམས་དཔོན་གྱིས་ཁྲིམས་ཐག་དྲང་གཞག་བཅད་པའི་བར། ཁྲིམས་ར་ཡོངས་གཟི་རྔམ་བསྒམ་ནན་ཆེ་ལ་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་བ་ཞིག་ཡོད། སློབ་མ་ཚོས་ཁྲིམས་རའི་འདྲི་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོ་ཉམས་ལེན་བྱས་པ་དང་བསྟུན་ནས། བཅའ་ཁྲིམས་ཀྱི་གཟི་རྔམ་དང་དྲང་གཞག་མྱོང་ཚོར་ཐུབ་པ་རེད།
དེ་དང་ཆབས་ཅིག་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་སློབ་ཆུང་སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས་དང་། གོ་བ་ལེན་ནུས། འཚར་ལོངས་ཀྱི་དགོས་མཁོ་དངོས་བཅས་ལ་གཞིགས་ནས། བཅའ་ཁྲིམས་ཤེས་བྱའི་དྲི་བ་བཏོན་ཏེ་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་བྱེད་སྒོའང་སྤེལ་བ་རེད།
(བདེ་དབང་དང་པ་ཕན་གྱིས་སྒྱུར་ཞུས་བྱས)