འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་སྲོལ་སྲིད་གཙང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་དང་། སྤྱོད་གཙང་གི་འདུ་ཤེས་སྔར་བས་ཟབ་གཏོང་། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གསལ་སྟོན་བཅས་བྱ་ཆེད། ཉེ་ཆར། བོད་ལྗོངས་དངུལ་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྲིད་གཙང་དྲན་སྐུལ་ཚོགས་འདུ་འཚོགས་ནས་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་བ་དང་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་དངུལ་ཁང་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཏང་ཡོན་ལས་བྱེད་པའི་རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། ནན་པའི་རྣམ་པ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་བབ་ཀྱི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་། ཆོད་སེམས་བརྟན་པོ། བཀོད་སྒྲིག་བླང་བྱ་བཅས་ཀྱི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱས་ཏེ། སྤྱོད་གཙང་རང་བཅུན་གྱི་རྩ་བ་དམ་པོར་བཟུང་ནས“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། དངུལ་ཁང་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་དགོས།
(བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)