《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月23日

སྣ་དཀར་རྩེ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས།

“སེམས་པ་རྒྱང་རིང་ལ་ཕྱོགས། ཤེས་དཔལ་ནན་ཏན་ངང་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སྣ་དཀར་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྣ་དཀར་རྩེ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྫོང་མཛེས་ལྗོངས་ཁུལ་དོ་དམ་ཅུས་དང་མཉམ་འབྲེལ་ཐོག་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་དུ“སེམས་པ་རྒྱང་རིང་ལ་ཕྱོགས། ཤེས་དཔལ་ནན་ཏན་ངང་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་ལེ་ཚན་འཁྲབ་ནས་འགོ་བཙུགས་པ་དང་། ས་གནས་ས་ཐོག་ཏུ་ད་དུང་ཤེས་དཔལ་ཡུལ་སྐོར་ཤེས་བྱའི་དྲི་བ་དྲིས་ལན་གྱི་མཉམ་འགུལ་ལྷུ་ཚིགས་བཟོས་ནས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པར་བྱས་ཁར། 《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་སྲོལ་ཡིག》དང་དེ་བཞིན་ཤེས་དཔལ་ཡུལ་སྐོར་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་ཁྱབ་གདལ་བཏང་ནས་ཡུལ་སྐོར་བའི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་དང་སྤྱི་པའི་སྤྱོད་བཟང་འདུ་ཤེས་ཟབ་ཏུ་བཏང་བ་རེད། བྱེད་སྒོ་སྤེལ་རིང་ཡུལ་སྐོར་བ་ཚོར་སྣ་དཀར་རྩེའི་རིག་གནས་ཡུལ་སྐོར་གྱི་Logoདཔར་བའི་དྲོད་སྲུང་པེ་ཙི་དང་། རིག་གནས་བསམ་བཀོད་ཀྱི་རས་ཁུག གློག་གསོག་འབོ་སོགས་སྤྱོད་གོ་ཆོད་པའི་དྲིལ་བསྒྲགས་དངོས་རྫས་60ལྷག་ཙམ་རིན་མེད་ངང་སྤྲད་པ་དང་། བྱེད་སྒོ་དེ་ཡུལ་སྐོར་བ་དང་མང་ཚོགས་མི་ཐེངས་1500ལྷག་ཙམ་ལ་ཁྱབ་ཡོད་པ་རེད།