འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་གྲོང་ཁྱེར་ནོར་སྲིད་ཅུས་དང་རྩིས་བཤེར་ཅུས་དང་མཉམ་དུ་རྫོང(ཆུས་དང་གྲོང་ཁྱེར)12ལ་བསྐྱོད་དེ་གྲོང་གསེབ་ཀྱི་མཉམ་སྡེབ་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་གསུམ་གྱི་དོ་དམ་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་དེ“སྐྱོན་ཆ་ཞིབ་བཤེར་དང་། ཚད་ལྡན་ལ་སྐུལ་འདེད། ལྟ་འདོམས་ནན་པོ”བཅས་གཙོ་བོར་བཟུང་སྟེ་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་གསུམ”རྩིས་བཤེར། གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་གསུམ”གྱི་གཞི་གྲངས་ཞིབ་བཤེར། ཚད་ལྡན་མ་ལག་ནང་འཇུག་སོགས་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་ཐོག་དམིགས་ཏེ་ས་གནས་ས་ཐོག་ཏུ་བཅར་འདྲི་དང་། དཔྱད་ཡིག་འཚོལ་བ། ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་མ་དངུལ་གཏོང་ཡོང་དང་། ཆབ་སྲིད་དང་དཔལ་འབྱོར་ལ་དབྱེ་འབྱེད་སྐུལ་འདེད། “མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་གསུམ”གྱི་ཁྱིམ་ཚང་གནས་ཚུལ་གསལ་རྟོགས། རྒྱུ་ནོར་ཐོ་འགོད། ཐོན་ཁུངས་འགན་སྤྲོད། ནོར་དོན་དང་གན་རྒྱའི་དོ་དམ་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འགན་འཁུར་བས། ཞིབ་བཤེར་ཚོགས་ཆུང་གིས་ད་ཡོད་གནད་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་ཚུར་ལན་སྤྲད་པ་དང་འབྲེལ་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་ཡང་བཏང་ཡོད་ཅེས་བཤད།