《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月23日

གཏན་འགྲོགས་ནོར་བུ།

—— འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ།

བསོད་ནམས།

ཁ་ས་ཁ་ཉིན་འདས་སོང་ཇེ་མང་དུ། །

སང་ཉིན་ཕྱི་ཉིན་བརྗོད་འོས་ཇེ་ཉུང་གི། །

མི་ཚེའི་གཏམ་རྒྱུད་འབྲི་བའི་རིམ་པ་དེ། །

འཛམ་གླིང་དཔེ་ཀློག་ཉིན་གྱི་ཐོག་ཏུ་བབས། །

ཇི་ཙམ་ལས་ཀྱང་ཚར་རྒྱུ་མེད་པ་ཡི། །

བྱ་བའི་ཕུང་པོ་རི་ལྟར་བརྩེཌ་བཞིན་དུ། །

དོན་སྙིང་ཆེན་པོར་ལྡན་པ་འབའ་ཞིག་ནི། །

དཔེ་ཀློག་གོམ་སྟབས་མྱུར་བར་བརྩོན་འོས་སོ། །

དཔེ་ཀློག་མང་ཡང་བསམ་གཞིག་མི་བགྱིས་ཤིང་། །

འཆད་རྩོད་རྩོམ་གསུམ་མཁས་པའི་བྱ་གཞག་ཆེར། །

ཞུགས་པའི་སྤོབས་པ་དམན་ན་མི་རུང་ཕྱིར། །

འཆད་རྩོམ་ཡིན་ཁུལ་དཔེ་ཀློག་དྲན་འཆར་བཀོད། །

མཐོང་རིམ་བཞིན་དུ་ཡིད་དབང་འཕྲོག་གྱུར་ཏེ། །

བླུ་ཡོན་ཞུས་པའི་དཔེ་དེབ་སྣ་ཚོགས་པ། །

ཀློག་ཀྱང་དྲན་འཆར་དེ་ཙམ་མི་གསལ་བས། །

དྭངས་གསལ་རིག་པ་ཅུང་ཟད་ཉམས་སམ་ཅི། །

དཔེ་ཁྲིར་བརྩེགས་པའི་ལོ་རྒྱུས་དཔེ་དེབ་ཁག །

སྔ་མ་སྔ་མ་ཕྱི་མ་ཕྱི་མས་བཤུས། །

ཆ་བསྡུ་ཡ་བསྡུའི་ལོ་རྒྱུས་པོད་གསར་པ། །

ལྷ་ཁང་རྙིང་པར་གནས་བཤད་གསར་པར་མཐོང་། །

འོན་ཏེ་བསམ་གཞིག་ཡང་ཡང་བགྱིས་པའི་ཚེ། །

ལོ་རྒྱུས་གསར་རྩོམ་མི་འོས་ཇི་བཞིན་དུ། །

སྨྲ་བར་སྔ་མ་སྔ་མའི་ཁུངས་སྣེ་ཁག །

ཕྱི་མར་དྲངས་པའང་ཕལ་ཆེར་མཐུན་པར་སྣང། །

རིན་ཐང་གཞལ་དུ་མེད་པའི་རྩོམ་གྱི་མཆོག །

ལེཌ་བཤད་ཆབ་རྒྱུན་བཞུར་བའི་ཆུ་མགོ་སྟེ། །

ཀླུ་སྒྲུབ་དམ་པའི་ཤེས་རབ་སྡོང་བུ་སོགས། །

ལྟ་བཞིན་བློ་ངོར་བརྗོད་འདོད་མང་ཞིག་འཕེལ། །

ཤེས་རབ་སྡོང་བུ་སྐྱེ་བོ་གསོ་ཐིགས་ཀྱིས། །

བློ་སྒོ་འབྱེད་དེ་བྱུང་བའི་ལེགས་བཤད་ཁག །

ས་སྐྱ་ལེགས་བཤད་ཆུ་ཤིང་བསྟན་བཅོས་སོགས། །

དེ་ལ་དེ་བརྟེན་ཡིན་པའི་རྣམ་རྟོག་འཆར། །

དེ་དེ་དེ་མིན་རྫོགས་པའི་སངས་རྒྱས་མཆོག།

འཁྲུངས་པའི་མཛད་འཕྲིན་བློ་ལས་འདས་པའང་། །

ཕབ་བཤུ་ལེགས་སྒྲིག་དཔེ་དེབ་འགའ་ཡི་ཐོག །

བརྩམས་ཞེས་ཧམ་གཏམ་མཐོང་ཚེ་ཡི་རེ་མུག །

མཚུངས་མེད་མཛད་འཕྲིན་བུ་རབས་ཚ་རྒྱུད་ལ། །

སྤེལ་བའི་བྱ་གཞག་རླབས་པོ་ཆེ་གྱུར་ཀྱང་། །

རང་བློས་བརྩམས་ཞེས་འུད་ཀྱིས་བརྗོད་པའི་ཚེ། །

རྩོམ་མཁན་རང་རློམ་ཆེ་བའི་རྒྱུ་རུ་ཟད། །

དཔེ་ཁྲིའི་སྟེང་གི་སྙན་ངག་གཞུང་ལུགས་དེས། །

འདྲེན་བྱེད་ལམ་དུ་སློབ་དཔོན་དབྱུག་པ་ཅན། །

ལྷམ་མེར་འཆར་བཞིན་དེ་དོན་དྲན་པའི་ངོཌ། །

ཤོང་སྟོན་ལ་སོགས་ལོ་པཎ་བཀའ་དྲིན་དྲན། །

ཇི་ལྟ་ཇི་སྙེད་མེ་ལོང་སྙན་ངག་གཞུང་། །

བརྒྱ་གྲངས་བརྒལ་བའི་རིག་པའི་དཔའ་བོ་ཡི། །

མཁས་པའི་འགྲན་གླེང་དཔེར་བརྗོད་མཛད་ཚུལ་ཀུན། །

ལད་མོ་བགྱིས་ཞེས་བདག་བློས་བརྗོད་མི་སྤོབས། །

མེ་ལོང་རྩོམ་རིག་གཞུང་ལུགས་དྭངས་པའི་མཁའ། །

ལེའུ་དང་གཉིས་གསུམ་ལས་མཁོ་བ་དག །

སྲོལ་རྒྱུན་སྙན་ངག་རྩོམ་གཞི་དངོས་ཡིན་ཞེས། །

བདག་གི་ལྟ་ཚུལ་ནམ་ཡང་འགྱུར་བ་མེད། །

ཁ་ཅིག་ན་རེ་མེ་ལོང་གཞུང་ལུགས་ཆེའི། །

རྩོམ་ཐབས་འགའ་ལ་གཡའ་སེལ་དགོས་ཞེས་སྨྲ། །

རྒྱུ་མཚན་མང་དག་ཨུ་ཚུགས་ཆེ་བ་ཡིས། །

གསེར་སྐུ་རག་ལ་བསྒྱུར་བར་གཟབ་རོཌ་གྱིས། །

དཔེ་ཁྲིའི་སྟེང་གི་བརྡ་སྤྲོད་གཞུང་ལུགས་ཟུང་། །

སུམ་རྟགས་རྩ་བ་དགོངས་འགྲེལ་ཡང་འགྲེལ་གྱི། །

མཁས་བཙུན་བཟང་གསུམ་མཁྱེན་དཔྱོད་ཡངས་རྩལ་གྱིས། །

བདག་ཡིད་མགུ་བའི་སྤུ་ལོང་རབ་ཏུ་གཡོས། །

ཇི་ཙམ་བལྟས་ཀྱང་ཡིད་ཀྱིས་བཟུང་དཀའ་བ། །

བརྡ་སྤྲོད་གཞུང་ལུཌ་གཏིང་དཔག་དཀའ་བའི་མཚོར། །

བདག་ཡིད་གྲུ་ཆུང་ཞུགས་པའི་རྣམ་རྟོག་ཏུ། །

གཞུང་ལུགས་ཟབ་ཚད་ཇེ་ཟབ་ཇེ་ཟབ་བོ། །

ཐོན་མིའི་དགོངས་པ་ཉིན་བྱེད་འོད་སྟོང་གིས། །

བོད་ཡུལ་མུན་སེལ་རྒྱ་ཡིག་ལྔ་བཅུའི་གྲངས། །

རང་སྐད་མཐུན་སྦྱོར་སུམ་ཅུའི་གྲངས་དེ་ཡི། །

སུམ་རྟགས་མ་འཆི་བར་དུ་སྦྱོང་དགོས་རྟོཌ། །

བརྡ་སྤྲོད་རྩ་བའི་གཞུང་དུ་མ་བསྟན་པའི། །

བརྡ་སྤྲོད་མཐའ་གསལ་ཇི་ལྟ་ཇི་སྙེད་ཅིག།

བརྡ་སྤྲོད་མཁས་པའི་ཐུཌ་ལས་བཞུན་བརྡར་གྱིས། །

བརྡ་སྤྲོད་གཞུང་ཆེན་་མངའ་ཐང་རྒྱས་པ་རྟོགས། །

དཔེ་ཁྲིའི་སྟེང་གི་སྣ་ཚོགས་དུས་དེབ་ཐོག །

བརྩམས་སྒྲུང་སྙན་ངག་ལྷུག་རྩོམ་ལ་སོགས་པས། །

འཚོ་བའི་རང་མདངས་འཆར་བའི་བརྗོད་དོན་བསྟན། །

གངས་ཅན་རྩོམ་རིག་བ་དན་བསྒྲེངས་པ་མཐོང་། །

ཡང་ནི་སྐྱོན་ཡོན་ཇི་བཞིན་བརྗོད་དོ་ཞེས། །

ལུང་འདྲེན་དང་བཅས་དཔྱད་བརྗོད་ཁག་གཅིག་ནི། །

ངོ་དགའ་སྤྲེལ་ལད་རྣམ་འགྱུར་གསལ་གསལ་བས། །

བློ་ལྡན་དགྱེས་པར་མི་འགྱུར་ཡང་ཡང་དོགས། །

མདོ་དབུས་ཁམས་གསུམ་ཕྱོགས་མཚམས་གང་ས་ནས། །

གསར་རྩོམ་རྒྱ་མཚོའི་རྦ་རླབས་འཕྱུར་བའི་དེབ། །

བལྟ་འདོད་དབང་པོས་འཕེར་མིན་མི་བལྟོས་པར། །

བདག་གིས་དཔེ་ཁྲིའི་སྟེང་དུ་གདན་འདྲེན་ཞུས། །

དཔེ་ཚོགས་མིག་ཡིད་དགའ་སྟོན་ཆེ་བའི་མཆོག །

མཆོག་དེ་གཏན་དུ་འགྲོཌ་འོས་ཤེས་བྱའི་གཏེར། །

གཏེར་རྫས་ཡིད་ཀྱི་སྣོད་དུ་འདྲེན་པའི་བློ། །

བློ་བརྟན་མི་འགྱུར་ཤེས་བྱར་སྤྲོ་བ་ཉིད། །

དེ་ལྟར་ལགས་ཀྱང་ཚེ་ཚད་མདུན་དུ་རྒྱུག །

ལུས་དབང་རིམ་བཞིན་ཉམས་པའི་ཚུལ་སྣང་ཚེ། །

དཔེ་ཚོགས་དཀར་ཆག་བཤེར་གྱིན་བརྗོད་བྱའི་གནད། །

བདམས་ནས་རཌ་རིམ་ཙམ་ཞིག་ཀློག་དགོས་སྙམ། །

རྒྱལ་སྲས་ཞི་བ་ལྷ་ཡི་གསུང་རབ་ནས། །

མཛའ་དང་མི་མཛའ་ཐམས་ཅད་མི་རྟག་ཚུལ། །

གསུང་བཟང་བདེན་པར་ནན་ནན་དཔྱད་ཀྱིན་དུ། །

སེམས་ཉིད་དངངས་བཞིན་དཔེ་དེབ་ཀློག་པར་བྲེལ། །

དཔེ་ཁྲིའི་ཐོག་ཏུ་བཞུགས་སོ་གསོལ་བ་ཡི། །

ནང་དོན་བགྲང་བས་མི་ལང་བརྗོད་བྱའི་དོན། །

ཐམས་ཅད་ཡིད་ཀྱི་ཕོ་བས་འཇུ་དཀའ་ཡང་། །

རྟོཌ་འདོད་ཡིད་ཀྱི་འདོད་འདུན་ལང་ལིང་བྱེད། །

ཁོ་བོའི་དཔེ་ཁྲི་གོག་ཏོར་གྲལ་བསྒྲིཌ་པའི། །

དེབ་མཐའ་ཟད་འབྲས་ཐོན་པར་བལྟས་པའི་ཚེ། །

བགྲང་བྱ་བཞི་ཅུ་ལྔ་བཅུ་གཤིབ་པ་ཡི། །

བཤེས་གཉེན་དང་ནི་སློབ་མའི་ཚུལ་དུ་སྣང་། །

ཀྱེ་ཧུད་བསམས་ཚད་ལྟ་ཀློག་མི་འཇོན་པའི། །

བློ་དམན་ཁོ་བོར་ཤེས་བྱའི་ཡེ་ཤེས་སྤྱན། །

ཡང་ཡང་ཕྱོགས་ཏེ་ཚེ་རབས་དུ་མ་རུ། །

མཆོག་གྱུར་སྣོད་དུ་འགྱུར་བར་ཐུཌ་བརྩེས་གཟིཌ། །

ཡང་ནི་དེང་འདིར་ཕྱུག་བདག་ཁ་ཅིག་གིས། །

དཔེ་ཚོགས་བླུས་ཏེ་ཁང་བཟང་དཔེ་ཁྲིར་བསྒྲིཌ། །

འདི་ཀོ་ངོམས་འཕྱར་ཡིན་ཏེ་དོན་དམ་པར། །

དཔེ་ཚོགས་ཕྱུག་པོའི་བཙོན་དུ་ཚུད་འདུག་སྙམ། །

ད་ནི་འགངས་ཆེའི་ཉིན་མོར་རྗེས་དྲན་གྱི། །

སྣང་བར་གང་ཤར་རྩོམ་པའི་བརྗོད་དོན་འགར། །

བསམས་བཞིན་གང་སར་ཕོག་ཐུག་འོང་དོཌ་ཏེ། །

རྩོམ་མཇུག་གྲུ་གུ་འཕྲལ་མར་བསྡོགས་པར་བགྱིས། །

གཏན་དུ་འགྲོགས་པར་འདོད་པ་དཔེ་དེབ་ཉིད། །

དགོས་འདོད་ཀུན་འབྱུང་ནོར་བུ་ཡིན་གྱུར་ཞེས། །

འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བ་ཡི། །

རྩོམ་འདིར་གཏན་འགྲོཌ་ནོར་བུའི་མཚན་བྱང་གསོལ། །