《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月23日

རང་ལྗོངས་ཀྱིས་2025ལོའི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན། རང་ལྗོངས་ཀྱིས“ཤེས་བྱའི་བདག་དབང་དང་རོལ་དབྱངས། ཤེས་བྱའི་བདག་དབང་གི་འདེཌ་འཇོག་ཉམས་སུ་མྱོང”ཞེས་པ་དང“ཤེས་བྱའི་བདག་དབང་དང་མི་ཐབས་རིག་ནུས”བརྗོད་དོན་གཙོ་བོར་བྱས་ཏེ་2025ལོའི་ཤེས་བྱའི་བདག་དབང་དྲིལ་བསྒྲཌ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུཌ་སྣོན་ཏན་ཏིག་བརྒྱབ་སྟེ། ཤེས་བྱར་བརྩི་འཇོག་དང་། གསར་གཏོད་ལ་གུས་བཀུར། ཡིད་རྟོན་ཁྲིམས་སྲུང་། དྲང་གཞག་འགྲན་རྩོད་བཅས་ཀྱི་ཤེས་བྱའི་བདག་དབང་རིག་གནས་ཀྱི་རྣམ་པ་བཏོད་ཡོད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་བྱེད་སྒོར་ཞུགས་པ་དང་འབྲེལ། འགྲེམས་སྟོན་ནང་ཞུགས་མཁན་ཚན་པ་དང་སྤེལ་རེས་གནང་བ་རེད།