《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月22日

མལ་གྲོ་གུང་དཀར་རྫོང་གིས།

འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་མལ་གྲོ་གུང་དཀར་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱིས་གཉེར་རོགས་བྱས་པའི“བདེ་སྐྱིད་ལྡན་པའི་མལ་གྲོ·འཚོ་བ་མཉམ་སྤྱོད་བྱེད”ཅེས་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་སྤུས་ལེགས་ཁེ་ལས་34འགྲེམས་སྟོན་ནང་ཞུགས་པར་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། 3Cཐོན་རྫས། གློག་སྒུལ་སྦག་སྦག ཉིན་རེའི་མཁོ་ཆས་སོགས་ཚུད་ཡོད། བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ཁེ་ལས་ཀྱི་འཐུས་མིས་བྱེད་སྒོའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཚོང་ཟོག་གི་སྤུས་ཀ་འགན་ལེན་བྱེད་པ་དང་སྤུས་ལེགས་ཚོང་ཟོག་དང་ཞབས་ཞུར་བརྟེན་ནས་འཛད་སྤྱོད་པར་ཕན་པ་བསྐྲུན་རྒྱུ་ཡིན་ཞེས་ཁས་བླངས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་འཛད་སྤྱོད་པར་ཕན་པ་དངོས་བསྐྲུན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་མལ་གྲོ་གུང་དཀར་རྫོང་གི་འཛད་སྤྱོད་ཁྲོམ་རའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཐོག་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་རེད།