《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月22日

བོད་ལྗོངས་སློབ་ཆེན་གྱིས།

“4·23”འཛམ་གླིང་དཔེ་ཀློག་ཉིན་མོའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་སློབ་ཆེན་གྱིས“རིག་པའི་དྲི་ངད་པོ་ཏིའི་དཀྱུས་སུ་ལྡང་། བགྲང་བྱ་དྲུག་ཅུའི་ས་མཐོ་མཛེས་པར་སྤུད”ཅེས་པའི“4·23”འཛམ་གླིང་དཔེ་ཀློག་ཉིན་མོའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་བཙུགས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་ཡུལ་དུ་གོང་ཁེའི་དཔེ་དེབ་འགྲེམས་སྟོན་བྱས་ནས་རིག་གནས་བསམ་བཀོད་ལག་རྟགས་སྤྲད་པ་མ་ཟད། “སྐར་གཉིས”ཀྱི་གཟེངས་རྟགས་ཡང་སྤྲད་དེ་དཔེ་ཀློག་ཁྱབ་གདལ་གཏོང་བའི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི“ལེགས་སྐྱེས་འབུལ་མཁན་ཕུལ་བྱུང་བ”30དང“ལས་སློབ་སློབ་སྐྱོར་ཕུལ་བྱུང་བ”8ལ་གཟེངས་བསྟོད་བྱས་ནས་སློབ་གྲྭའི་ཞབས་ཞུའི་མིག་དཔེ་བཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་འདི་ལོའི་ཟླ་12བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་ཞིང་། ནང་དོན་གྱི་གྲས་སུ་རིག་གནས་རྒྱུན་འཛིན་དང་། གྲངས་འཛིན་ཐོན་ཁུངས་ཁྱབ་སྤེལ། དམངས་ཕན་ཞབས་ཞུ་སོགས་མང་པོ་ཚུད་ཡོད།