ཉེ་ཆར། ཅ་དངོས་བྱུར་བུར་བླུགས་པའི་ཆིང་ནུས་ལྗིད་ཐེག་རླངས་འཁོར་10སྐམ་མཚོའི་བགྲོད་ལམ་གསར་པ་ཁྲུང་ཆིང་ཆུ་མེད་གྲུ་ཁ་ནས་ཐོན་པ་དང་སྦྲགས་ནུབ་རྒྱུད་སྐམ་མཚོའི“ཆིང་ནུས་བར་ཁྱམས”ཀྱི་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་ཡོད།
ནུབ་རྒྱུད་སྐམ་མཚོའི“ཆིང་ནུས་བར་ཁྱམས”དེ་ཁྲུང་ཆིང་ནས་འགོ་བཙུགས་པ་དང་མཐར་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁར་འབྱོར་གྱི་ཡོད་ཅིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་1150ཙམ་ཡོད་པ་དང་། ལམ་བར་དུ་ཆིང་སྣོན་ས་ཚིགས་4བཙུགས་ཡོད་པས་ཁྲུང་ཆིང་དང་། ཀུའེ་ཀྲོའུ། ཀོང་ཤིས་བཅས་ཀྱི་མཐའ་འཁོར་གྱི་ལམ་ཐག་འབྲིང་ཐུང་གི་ཡན་ལག་ཟོག་འགྲུལ་གཏོང་ཡུལ་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་དང་། དེ་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ཆིང་ནུས་ཐོན་ལས་འཕེལ་རྒྱས་ཐད་གོམ་པ་གལ་ཆེན་སྤོས་པ་ཞིག་རེད།
འདི་ནི་སྐམ་མཚོའི་བགྲོད་ལམ་གསར་པ་ཁྲུང་ཆིང་ཆུ་མེད་གྲུ་ཁར་ཆིང་ནུས་ལྗིད་ཐེག་རླངས་འཁོར་ཐོན་རྩིས་བྱེད་བཞིན་པ།