འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇཌ་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་དེ་རེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་འགོག་པའི་བཅའ་ཁྲིམས》 《རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་སྤྱི་དམངས་ཀྱིས་ཐེར་འདོན་བྱེད་པར་བྱ་དགའ་སྤྲོད་པའི་བྱེད་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇཌ་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་12339སྤྱི་དམངས་ཐེར་འདོན་བདག་སྤྲོད་ཁ་པར་ལ་རང་ལྗོངས་ཀྱི་མི་3གྱིས་ཁ་པར་བཏང་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་སྲིད་པའི་དོགས་ཡོད་གནས་ཚུལ་སྙན་སེང་ཞུས་ཤིང་། རྒྱལ་ཁབ་བདེ་འཇགས་པུས་དེ་དག་ལེགས་སྐྱེས་གལ་ཆེན་ཕུལ་བའི་ཐེར་འདོན་བྱས་རྗེས་བཞག་པའི་མི་སྣར་ངོས་འཛིན་བྱས་ཏེ་གཟེངས་བསྟོད་བྱས་པ་རེད།