འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན། ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཅུས་ཀྲང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུ་སྒྲིག་འཛུགས་བྱེད་མཁན་བཅས་ཡིན་པའི་ཀྲང་ཧུང་པོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ད་ལོའི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པར་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གསུམ་གསུམ”ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། སྔོན་དཔག་སྔོན་བརྡ་དང་མཉམ་སྤྱོད་མཉམ་བཅོས་ཐད་མུ་མཐུད་ཤུགས་རྒྱག་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཐབས་ཇུས་ཞིབ་མཆན་ལྟ་འདོམས་ལ་དམིགས་པ་བཅས་བྱས་ནས་ཉེན་ཁ་ཚོད་སྐོར་ཡག་པོ་བྱེད་དགོས། ཡིག་འབུལ་ཞུ་བཅར་གྱི་ཁྲིམས་སྐྱོང་ཅན་མཐའ་འཁྱོངས་བྱེད་པ་དང་། གོ་རིམ་ལྟར་སྒྲུབ་གཉེར་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་མུ་མཐུད་ཤུགས་རྒྱག་པ། འདུམ་འགྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བར་འདུམ་གྱི་ཐག་གཅོད་བྱེད་ཐབས་སྤྱོད་པ། སྲིད་འཛིན་རིམ་གསུམ་སྒྲུབ་གཉེར་ལེགས་སུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྲུབ་གཉེར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།