འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་དངུལ་ཁང་གོང་དཀར་རྫོང་ཉིང་ལག་དངུལ་ཁང་གིས་2025ལོའི་སྲིད་གཞུང་དང་། ཁྲལ་དོན། དངུལ་ཁང་། ཁེ་ལས་བཅས་དང་ཕྲན་ཚེགས་ཁེ་ལས་དབར་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་འཛུགས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་གོང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འཐུས་མིས་ཁེ་ལས་གཉེར་བའི་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་དང་། རྫོང་ཁྲལ་དོན་ཅུས་ཀྱི་འཐུས་མིས་ཁྲལ་བསྡུའི་སྲིད་ཇུས་ལ་གསལ་འགྲེལ་བྱས་པ། ཞིང་ལས་དངུལ་ཁང་གོང་དཀར་རྫོང་ཉིང་ལག་དངུལ་ཁང་གི་སྤྱོད་དུད་ཅིང་ལིས་གཏའ་འཇོག་གི“e”དངུལ་བུན་དང་། ཁྲལ་འཇལ་གྱི“e”དངུལ་བུན། ཚོང་དུད་ཀྱི“e”དངུལ་བུན་སོགས་ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་གྱི་དངུལ་བུན་གྱི་ཐོན་རྫས་ངོ་སྤྲོད་བྱས་པ་དང་། དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་དང་། ལམ་ལུགས། བརྒྱུད་རིམ། སྐྱེད་ཚད། སྤྱོད་ཡུལ། དུས་ཚད། དེ་བཞིན་ཕྲན་ཚེགས་ཁེ་ལས་ཀྱི་གྲོན་དངུལ་ཉུང་གཏོང་དང་ཁེ་སྤོགས་བརྒྱུད་བཤུག་སྲིད་ཇུས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
ཚོགས་འདུར་ཞུགས་པའི་དམངས་གཉེར་ཁེ་ལས་ཀྱི་འཐུས་མིས་དངུལ་རྩའི་སྲིད་ཇུས་དང་། མ་དངུལ་བསྡུ་སྒྲིལ་གྱི་གནད་དོན། མཉམ་ལས་རྣམ་གྲངས་སོགས་ཀྱི་ནང་དོན་ཐད་གོ་རིམ་ལྟར་ས་གནས་ས་ཐོག་ཏུ་སྐད་ཆ་དྲིས་པ་དང་ཚོགས་ཞུགས་ཚན་པས་ས་གནས་ས་ཐོག་ཏུ་རེ་རེ་བཞིན་ལ་ལན་བརྒྱབ་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་ད་དུང་སྲིད་ཇུས་དོན་འཁྱོལ་གྱི་དཀའ་གནད་དང་། ཁེ་ལས་ཀྱི་དགོས་མཁོ་དངོས། མཉམ་ལས་ལམ་སྲོལ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས་གྲོས་བསྡུར་བྱས་པ་དང་ཐག་གཅོད་ཇུས་གཞིར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།