《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月15日

བོད་ཀྱི་གཙང་པོ་དང་མཚེའུ་དང་། བྱེ་མ། ནུས་རྒྱུ་བཅས་དོ་སྙོམས་མེད་པ་སྙོམས་སྒྲིག་དང་ཆུའི་ལས་གྲྭའི་བདེ་འཇགས་ལ་དམིགས་པའི་རང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་ཆེ་གྲས་ཐོག་མ་གཉེར་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གིས་སྣེ་ཁྲིད་དེ་ཆིང་ཧྭ་སློབ་ཆེན་དང་། ཧོ་ཧའེ་སློབ་ཆེན། ཀྲུང་གོ་ཆུ་བེད་ཆུ་གློག་ཚན་རིག་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ས་ཁམས་དང་ཐོན་ཁུངས་ཞིབ་འཇུག་ཁང་སོགས་སྡེ་ཚན་20དང་མཉམ་དུ་སྤེལ་འགན་འཁུར་བའི“བོད་ཀྱི་གཙང་པོ་དང་མཚེའུ་དང་། བྱེ་མ། ནུས་རྒྱུ་བཅས་དོ་སྙོམས་མེད་པ་སྙོམས་སྒྲིག་དང་ཆུའི་ལས་གྲྭའི་བདེ་འཇགས་ལ་དམིགས་པའི་འགག་རྩའི་ལག་རྩལ་ཞིབ་འཇུག”རྣམ་གྲངས་དངོས་སུ་གཉེར་འགོ་ཚུགས་པ་རེད།

བོད་ཀྱི་གཙང་པོ་དང་མཚེའུ་དང་། བྱེ་མ། ནུས་རྒྱུ་བཅས་དོ་སྙོམས་མེད་པ་སྙོམས་སྒྲིག་དང་ཆུའི་ལས་གྲྭའི་བདེ་འཇགས་ལ་དམིགས་པའི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་ཆེ་གྲས་ཐོག་མ་ཡིན་པའི་ངོས་ནས། རྣམ་གྲངས་གཉེར་འགོ་ཚུགས་པ་དེ་ལས་རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་ཆུའི་འཁོར་རྒྱུག་དང་ཆུའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཆུ་དཔྱད་ཆུའི་ཐོན་ཁུངས་རིག་པ་མཁས་ཅན་ལིའུ་ཁྲང་མིང་གིས་རྣམ་གྲངས་དེའི་ཆེད་མངགས་གདན་ཞུའི་བློ་འདྲིའི་རིགས་གཅིག་མཁས་ཅན་གྱི་འགན་འཁུར་ཡོད། ཁོང་གིས་རྣམ་གྲངས་དེས་མཐའ་མཚམས་བརྟན་ལྷིང་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་པར་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་ཆུའི་ཚན་རིག་ཞིབ་འཇུག་ལ་རྒྱབ་སྐྱོར་བཅས་བྱ་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད་ཅེས་བརྗོད། (བདེ་དབང་གིས་བསྒྱུར། དཔལ་མཆོག་གིས་ཞུས)